ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།2015ལོར་ཐོ་བོད་ལྕགས་ལམ་གྱི་རིམ་པ་གཉིས་པའི་བབས་ཚུགས་ཡིན་པའི་ཁྲའར་ཧན་བབས་ཚུགས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི1008.2ཟིན་པ་དེ་ཏུན་བྱེ་བ་ཡི་འགག་སྒོ་ལས་ཐོག་མར་བརྒལ་བ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས6.9%འཕར་ནས་མཚོ་བོད་ལྕགས་ལམ་ཀུང་སིའི་ལོ་ཧྲིལ་པོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྱི་བཅུ་ཆ་གསུམ་བཟུང་ཡོད་པ་རེད།

ཁྲའར་ཧན་བབས་ཚུགས་མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་སའི་ལྷོ་རྒྱུད་དུ་གནས་ཤིང་། དེའི་ཉེ་འཁོར་དུ་རང་རྒྱལ་གྱི་ཚྭ་མཚེའུ་ཆེ་ཤོས་ཁྲའར་ཧན་ཚྭ་མཚེའུ་གནས་ཡོད་པས་མིང་དེ་ལྟར་ཐོབ། བབས་ཚུགས་དོ་དམ་ཁུལ་དུ་གཙོ་བོ་མཚོ་སྔོན་ཚྭ་མཚེའུ་ཀུང་སི་སོགས་ཁེ་ལས་ཆེ་གྲས་དང་བཟོ་ལས་ཚྭ་ཐོན་སྐྱེད་ཁེ་ལས་མང་དག་ཅིག་ཡོད་པ་དེ་དག་གིས་གཙོ་བོ་ཅཱ་ལུད་དང་། བཟོ་ལས་ཚྭ། རྫས་འགྱུར་བཟོ་ལས་ཐོན་རྫས་སོགས་སྤོམ་ཆེའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད།

2015ལོར་ཁྲའར་ཧན་བབས་ཚུགས་ཀྱིས་ཟོག་ཁུངས་ཁྲོམ་ར་རྒྱ་སྐྱེད་བཏང་བ་དང་ཟོག་འཁོར་སྟོང་པ་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཆར་གཞི་ལྟར་ལག་བསྟར་ནན་པོ་བྱས་ཡོད། བརྒྱུད་འདྲེན་ལས་གནས་ཁག་གིས་མཉམ་ལས་གཞོགས་འདེགས་ཧུར་ཐག་བྱེད་པ་དང་། ཟོག་འཁོར་འཁོར་རྒྱུག་བྱེད་མྱུར་དུ་གཏོང་བ། བར་མཚམས་འཇོག་དུས་ཐུང་དུ་གཏོང་བ། སྐྱེལ་འདྲེན་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་པས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་ཡོད། བབས་ཚུགས་དེའི་དངོས་ཟོག་སྐྱེལ་འདྲེན་ཞབས་ཞུའི་མི་སྣས་རིགས་མི་འདྲ་བའི་ཁེ་ལས་དང་ཟོག་བདག་གི་དགོས་མཁོར་དམིགས་ནས་གང་ལ་གང་འཚམ་གྱི་སྐྱེལ་འདྲེན་ཇུས་གཞི་བཟོས་ཏེ་ཁེ་ལས་དང་འཛད་སྤྱོད་པ་ཐར་ཐོར་དང་ཆུང་གྲས་ལ་རང་སོ་སོའི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཞབས་འདེབས་ཞུ་གི་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།