ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“རི་འཛེག་ནི་མི་ཚེའི་སྒྱུ་རྩལ་ཞིག་དང་། སྒྱུ་རྩལ་ནི་རི་འཛེག་གི་དོན་གཉེར་བྱ་ཡུལ་ཡིན”ཞེས་དེ་སྔ་ནས་འཛེག་འདོད་པའི་ཇོ་རིར་རྐང་ཐང་མར་མྱུལ་དཔྱད་བྱས་ཏེ་ཉིན་བཅུ་ཙམ་སོང་བའི་རོལ་དབྱངས་གསར་རྩོམ་མཁན་གྱིས་སྔར་བཞིན་དགའ་སྤྲོའི་རྣམ་འགྱུར་མི་ཉམས་པར་དེ་ལྟར་བཤད།

ཉེ་བའི་ལོའི་ནང་། ཀྲུང་གོར་ཕྱིར་མྱུལ་དཔྱད་བྱེད་པའི་སྲོལ་དར་བ་དང་བསྟུན་གྲོང་ཁྱེར་བ་མང་པོ་ཞིག་རང་ཉིད་རྣམ་པར་རྒྱལ་བའི་ངར་ཤུགས་བསྐྱེད་དེ་མུ་ཁྱུད་ས་འཛིན་དང་གདོད་མའི་ནགས་སུ་འགྲོ་མཁན་མང་པོ་ཡོད་ཅིང་། ལོ32ལ་སླེབས་པའི་བདེ་སྐྱིད་འཚོས་ཀྱང“རོལ་དབྱངས་གསར་རྩོམ་གྱི་རིག་པ་འཚོལ་བའི”འདུན་པ་བཅངས་ནས་རྐང་ཐང་མར་རི་འཛེག་པའི་ལམ་དུ་བཞུད།

ཟླ11ཚེས13ཉིན་བདེ་སྐྱིད་འཚོ་དང་རོགས་པ་གཉིས་མཚོ་སྔོན་པོ་ནས་རྡོག་ཐོན་གྱིས་རྐང་ཐང་མར་ཉིན13དང་སྤྱི་ལེ་སྟོང་བརྒལ་བ་དང་། ཁུ་ཁུ་ཤི་རི་དང་གདང་ལ་བརྒལ་ནས་འགྲོ་སྐབས་བདེ་སྐྱིད་འཚོ་དང་རོགས་པའང་ས་བབ་མཐོ་རུ་འགྲོ་བ་དང་ཆབས་ཅིག་ལུས་པོས་བཟོད་མི་ཐུབ་པར་གྱུར། ལྷ་ས་ནས་རྐང་ཐང་མར་པ་སྣམ་རྫོང་དུ་ཡོང་བའི་དུས་ནི། བདེ་སྐྱིད་འཚོའི་ངོས་ནས་བརྗོད་ན་དཀའ་སྡུག་ཆེ་ཤོས་ཀྱི་དུས་ཡིན། ཉིན་ལྟར་ཧ་ལམ་སྤྱི་ལེ་35ཕྱིན་པ་དང་ཉིན་གསུམ་པའི་སྐབས་ཁོ་མོར་རྐང་པ་འདེགས་དཀའ་བའི་ཚོར་སྣང་ཡང་བྱུང་ཡོད།

འོན་ཀྱང་རང་བྱུང་ཁམས་ལ་དང་བ་ལྷག་པར་སྐྱེས་ཏེ་འགུལ་སྐྱོད་བྱེད་པའི་མཛེས་རིས་ནང་གནས་པ་ལྟ་བུར་གྱུར་ནས་ངལ་ཞིང་དུབ་པའི་བདེ་སྐྱིད་འཚོའི་ལུས་པོར་སྟོབས་ཤུགས་ལྷག་པར་འཕེལ།

“སྒྱུ་རྩལ་གྱི་ལས་ཀ་ནི་རྐང་ཐང་མར་བསྐྱོད་པ་དང་འདྲ་བར་དཀའ་ངལ་ཆེ་ཤོས་སྐབས་སྡུག་བསྲན་ཐེག་པ་དང་འབད་པ་ལྷོད་མེད་བྱས་ཚེ། མཐར་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་རིམ་གྱིས་གོམས་པར་འགྱུར་སྲིད་པའང་ཡིན”ཞེས་ཁོ་མོས་རྐང་ཐང་མར་རི་འཛེགས་པ་ལས། རང་ཉིད་ལ་ངོས་འཛིན་གསར་པ་བྱེད་ཐུབ་ཁར། རང་ལུས་ལ་རྫོགས་མཐའ་མེད་པའི་ནུས་པ་ཆེན་པོ་ཡོད་པའང་ཤེས་ཚུལ་བཤད། པེ་ཅིང་ལ་ལོག་རྗེས་བདེ་སྐྱིད་འཚོ་དང་ཉི་བས་སྤྱི་གླིང་ནང་རྒྱུག་ཤར་དང་རི་འཛེག་རྒྱུ་སོགས་ཚུད་པའི་ལུས་སྦྱོང་གི་འཆར་གཞི་ཞིབ་ཕྲ་བཟོས་ཤིང་། ཉིན་ཞིག་ཁོ་མོས་ཡང་བསྐྱར་ཇོ་རི་འཛེག་རྒྱུའི་འདུན་པ་འཆང་བཞིན་མཆིས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།