ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་ཡུལ་མཇུག་གྲོང་ཚོ་རུ་གང་སར་སྐད་གྲགས་ཆོད་པའི“ཉ་ཆུ་སློབ་ཆུང”ཞེས་པ་ཞིག་ཡོད། སློབ་གྲྭ་དེ་བཙུགས་ནས་ད་བར་སྔ་རྗེས་སུ་སློབ་མ20ལྷག་ཙམ་སློབ་གྲྭ་ཆེ་མོར་བསྐྱོད་ནས་ཡུལ་མཇུག་གྲོང་ཚོའི་ཕྲུ་གུ་རྣམས་ཕྱི་རོལ་དུ་སྐྱོད་པའི་སྦྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

ལྷག་པ་ཚེ་རིང་ནི་འདི་གར་ལས་གནས་བརྟན་སྲུང་བྱེད་མང་ཤོས་ཀྱི་དགེ་རྒན་ཞིག་ཡིན་པ་དང་། ལོ་བརྒྱད་ཀྱི་གོང་ཁོང་གི་རིག་གནས་ཆུ་ཚད་ཅུང་མཐོ་བ་དང་རྒྱ་བོད་སྐད་རིགས་གཉིས་བྱང་ཆུབ་པས་དཔུང་སྡེས་སློབ་གྲྭའི་དགེ་རྒན་དུ་མངགས་པ་རེད། ཁོང་གིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད“ཉ་ཆུ་སློབ་ཆུང”སློབ་མའི་སྦྱངས་འབྲས་རྟག་ཏུ་ཉིང་ཁྲི་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་པའི་ཁར་ཁོང་ཡང་ཐེངས་ལྔ་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་གྱི“ཕུལ་བྱུང་དགེ་རྒན”དུ་བདམས་ཤིང་། འདི་ནི་ཟླ1ཚེས1ཉིན་ལྷག་པ་ཚེ་རིང་གིས་ཕྲུ་གུ་ཚོར་རྒྱལ་དར་གྱི་གོ་དོན་འགྲེལ་བཤད་རྒྱག་པའི་གནས་ཚུལ་ཡིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།