ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་རྒྱ་རི་གྲོང་ཚོའི་ནོར་རྒྱལ་གྱི་ཁྱིམ་ནི་རི་བོ་མཐོན་པོའི་འདབས་ཀྱི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་ཐོག་མཐའ་བར་གསུམ་དུ་ཚད་ཡོད་ཀྱི་སྐྱོབ་གསོར་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད། ལོ་ཤས་གོང་ཞིང་ལས་དངུལ་ཁང་གི་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ཁོང་ཚོའི་གྲོང་ཚོར་སྤྲད་པ་ནས་བཟུང་ནོར་རྒྱལ་གྱིས་དངུལ་བུན་སྒོར་6000གཡར་ནས་ཕག་ཕྲུག་གསོ་ཚགས་བྱས་པ་དང་ལོ་ཤས་སོང་རྗེས་གང་སར་སྐད་གྲགས་ཆོད་པའི་ཕག་པ་གསོ་ཚགས་ཀྱི་ཆེད་ལས་དུད་ཚང་དུ་གྱུར་པ་དང་ཁོང་གིས་རང་ཚུགས་ངང་གསར་གཏོད་བྱས་པའི“སྔོ་ཚོད་སྟེར་ནས་གསོ་ཚགས”བྱེད་སྟངས་དེར་ས་གནས་དེ་གའི་གྲོང་མི་ཚང་མས་ལད་མོ་བྱེད་ཀྱི་ཡོད་པ་རེད།

2000ལོར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཞིང་འབྲོག་པའི་ཁྱིམ་ཚང་གི་ཡོང་འབབ་དང་ཆ་འཕྲིན་ཐོ་འགོད་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས“ཕ་ལམ་དང་། གསེར་བྱང་། དངུལ་བྱང་། ཟངས་བྱང”བཅས་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གཱ་བཞི་བཏོན་ནས་ལྗོངས་ཡོངས་ཀྱི་ལག་ཁྱེར་སྤྲོད་པར་འཚམ་པའི་ཞིང་འབྲོག་པར་རིམ་པ་དཔྱད་བསྡུར་དང་ཡིད་རྟོན་དབང་བསྐུར་བ་དང་འབྲེལ་གཏའ་མ་གང་ཡང་མི་དགོས་པར་དངུལ་བུན་ལག་ཁྱེར་སྤྲད་པ་རེད། ཡིད་རྟོན་དངུལ་བུན་གྱི་རིམ་པ་མི་འདྲ་བར་གཞིགས་ནས་ཞིང་འབྲོག་པར་སྒོར་སྟོང་ཁྲག་ཁ་ཤས་ནས་སྒོར་ཁྲི་བཅུ་གྲངས་བར་གྱི་དངུལ་བུན་རག་ཡོད་པ་རེད།

སྤུས་ལེགས་སྟབས་བདེའི་དངུལ་བུན་སྲིད་ཇུས་ལས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་བོད་ཀྱི་མང་ཚོགས་དཀྱུས་མར་དེ་བས་ཕན་པ་ཐོབ་ཡོད་པ་རེད།

མིག་སྔར་དངུལ་བུན་གཏོང་སྟངས་དེ་རིགས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་ཚང་མར་གཞི་རྩའི་ཆ་ནས་ཁྱབ་ཐུབ་པ་བྱུང་ཡོད་ལ་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་དུད་དངུལ་བུན་ཁྱབ་ཁྱོན་ཆེ་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད་པས་ཞིང་འབྲོག་དུད་ཚང་ཆ་སྙོམས་ཀྱི་དངུལ་བུན་ལྷག་གྲངས་སྒོར་ཁྲི་4ཙམ་ཟིན་ཡོད་པ་རེད།

ཐག་རིང་ལུང་ཁུག་དང་། སྡོད་གནས་ཁ་ཐོར་ཡིན་པ། འགྲིམ་འགྲུལ་ཤར་གཏོང་མི་ཐུབ་པ་སོགས་ཀྱི་ཚོད་འཛིན་ཕོག་པར་བརྟེན་བོད་ཀྱི་དངུལ་རྩའི་ཞབས་ཞུ་ཞན་ཙམ་ཡོད་པ་རེད། རྒྱ་ཆེའི་མང་ཚོགས་ཀྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པ་བྱ་ཆེད་བོད་ལྗོངས་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་པ་བརྒྱུད་འཁོར་སྐྱོད་དངུལ་རྩའི་ཞབས་ཞུ་སྤེལ་ནས“རྟ་ཐོག་དངུལ་ཁང”དང“སྦག་སྦག་དངུལ་ཁང”“རླངས་འཁོར་དངུལ་ཁང”“དྲ་ཐོག་དངུལ་ཁང”སོགས་རྣམ་པ་མང་པོ་སྤྱད་དེ་བོད་རིགས་ས་ཁུལ་གྱི་དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱས་པ་རེད། མིག་སྔར་བོད་ཀྱི་དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་278ལ་འཁོར་སྐྱོད་དངུལ་རྩའི་ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་ཐུབ་པ་བྱུང་བ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།