
གཡུ་ཐོག་ལམ་དུ་སྤེལ་བའི་དྲིལ་བསྒྲགས་བྱ་འགུལ་གྱི་ཡུལ་དངོས།

གྲོང་མིའི་ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་ཆེར་སོང་ཡོད་པ་དང་ཁྲིམས་ལུགས་དྲིལ་བསྒྲགས་བྱ་བར་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད་པ།

ཀྲུང་གོ་དངུལ་ཁང་གི་ལས་བྱེད་མི་སྣས་གྲོང་མི་རྣམས་ལ་སྒོར་མོ་བདེན་རྫུན་གྱི་དབྱེ་བ་ཇི་ལྟར་འབྱེད་པ་འགྲེལ་བཤད་བྱེད་བཞིན་པའི་ཚུལ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས14ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་སོ་སོས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་གཞི་རྒྱ་ཆེ་བའི་དྲིལ་བསྒྲགས་བྱ་འགུལ་སྤེལ་ཏེ།ལྷ་ས་གྲོང་ཁྱེར་གྱི་ཡུལ་མིའམ་ཉེ་འགྲམ་གྱི་མང་ཚོགས་རྣམས་ལ་ཁོར་ཡུག་སྲོང་སྐྱོང་དང་སློབ་གསོ། ཁྲིམས་ལུགས་དང་སྨན་བཅོས། འཕྲོད་བསྟེན། བཟའ་ཆས་དང་སྨན་རྫས་བདེ་འཇགས། མེ་སྐྱོན་སྔོན་འགོག་དང་ས་འགུལ་གནོད་འཚེ་སྔོན་འགོག་བཅས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས།
བྱ་འགུལ་སྤེལ་ཡུལ་དུ་གྲོང་མི་མི་ཉུང་བ་ཞིག་གིས་བཤད་རྒྱུར། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་སོ་སོས་ལས་ཁུངས་ནས་སྒོ་བུད་པ་དང་གཞུང་ལས་ཁང་ལས་སྒོ་བུད་ནས་གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་སྲང་ལམ་ནས་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་།རིན་མི་དགོས་པར་གྲོང་མི་རྣམས་ལ་ནང་དོན་ཕུན་སུམ་ཚོགས་ཤིང་ཀློག་བདེ་བའི་དྲིལ་བསྒྲགས་རྒྱུ་ཆ་འདོན་སྤྲོད་བྱས་པས་མང་ཚོགས་རྣམས་ཀྱི་སྔར་ལས་ལྷག་པར་ཤེས་བྱ་འདི་དག་ལ་རྒྱུས་ལོན་བྱུང་བར་སྟབས་བདེ་བཟོས། དུས་མཚུངས་སུ་མི་དམངས་ཡོངས་ཀྱིས་མཉམ་འབྲེལ་སྒོས་འཆམ་མཐུན་དང་བདེ་འཇགས། དྲོད་སྐྱིད་ལྡན་པའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཐོབ། །
