༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- བོད་ལྗོངས།
“བོད་ཀྱི་ཤིང་པར་སྒྱུ་རྩལ་འགྲེམ་སྟོན”ཟླ་3པའི་ནང་པེ་ཅིན་ནས་འགྲེམ་སྟོན་བྱེད་རྒྱུ་རེད།
ཚེ་རིང་རྒྱ་མཚོས་བསྒྱུར། 2010-02-09 10:39 བོད་ལྗོངས་ཆ་འཕྲིན་ལྟེ་གནས།


“བོད་ཀྱི་ཤིང་པར་འགྲེམ་སྟོན”བྱེད་པའི་བརྡ་སྦྱོར།
 
 
དོན་འགྲུབ་ཀྱི་བརྩམས་ཆོས། ས་གཞི་དང་ཨ་མ་ཞེས་པའི་ཁག་གསུམ་པ།


ནོར་བུ་དོན་འགྲུབ་ཀྱི་བརྩམས་ཆོས། གླང་བོ་རིན་པོ་ཆེ།
 
     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “བོད་ཀྱི་ཤིང་པར་འགྲེམ་སྟོན”ཟླ3པའི་ཚེས6ཉིན་པེ་ཅིན་གྱི་798སྒྱུ་རྩལ་ཁུལ་ནས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་སྒྱུ་རྩལ་པ12ཀྱི་བརྩམས་ཆོས60ལྷག་འགྲེམ་སྟོན་བྱེད་རྒྱུ་རེད།
   
ཐེངས་འདིའི་ཤིང་པར་འགྲེམ་སྟོན་ནང་ཞུགས་མཁན་ལ་དགོན་པ་ནས་ཐོན་བའི་གྲྭ་བཙུན་དང་། གཟི་ཚ་སྡེ་དགུ་ནས་ཐོན་པའི་དམངས་ཁྲོད་སྙན་ངག་པ། མཛོད་དགེ་རྩྭ་ཐང་ནས་ཐོན་པའི་སྒྱུ་རྩལ་པ་སོགས་ཡོད་པ་དང་། ཁོ་ཚོས་འཚོ་བའི་ལྟ་ཕྱོགས་མི་འདྲ་བའི་རྨང་གཞི་སྟེང་ནས་བརྩམ་ཆོས་གསར་རྩོམ་བྱས་ཡོད། འགྲེམ་སྟོན་བྱེད་ས་ནས་ད་རུང་བོད་ཀྱི་ཤིང་པར་གསར་རྩོམ་བྱེད་པར་བཀོལ་བའི་བོད་ཀྱི་ཤོག་བུ་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ་མ་ཟད། མཐོ་སྒང་གི་རང་བྱུང་གཏེར་རྫས་དང་སྐྱེ་དངོས་ཀྱི་ཚོས་སོགས་འགྲེམ་སྟོན་བྱེད་རྒྱུ་ཡིན་པས་རྒྱ་ཆེའི་ལྟ་མཁན་རྣམས་ཀྱིས་དུས་ཡུན་རིང་བོའི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྒྱུ་རྩལ་ལ་རོལ་མྱོང་བྱེད་ཐུབ།  །
 
                                           

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག