
ཅ་ཆིན་ལིན་གྱིས་ཆོས་ལུགས་ཚོགས་པའི་འགན་ཁུར་བ་རྣམས་ལ་མཇལ་འཕྲད་གནང་བཞིན་པའི་ཚུལ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའ་ཞི་ཅ་ཆིན་ལིན་གྱིས་ཚེས8ཉིན་ཀྲུང་ནན་ཧེ་རུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ཚོགས་པའི་འགན་ཁུར་མི་སྣ་གདན་འདྲེན་བྱས་ཏེ། མཉམ་གཅིག་ཏུ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལོ་སར་ལ་བསུ་མ་བྱས་པ་དང་ཆབས་ཅིག ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་ཆོས་ལུགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལུགས་ཞུས།
ཅ་ཆིན་ལིན་གྱིས་ནན་ཏན་སྒོས་ཆོས་ལུགས་ཚོགས་པའི་འགན་ཁུར་བ་རྣམས་ཀྱིས་སྙན་ཞུ་ལ་ཉན་རྫེས་བཤད་རྒྱུར། 2009ལོ་ནི་རང་རྒྱལ་གྱི་ལོ་རྒྱུས་སྟེང་ཤིན་ཏུ་གལ་ཆེ་བའི་ལོ་ཞིག་ཡིན་པ་དང་། ཆོས་ལུགས་བྱ་བའི་ཐད་ནས་ཀྱང་གྲུབ་འབྲས་ཆེན་པོ་བླངས་ཡོད་པའི་ལོ་ཞིག་རེད། ཏང་གི་ཆོས་ལུགས་བྱ་བའི་རྩ་བའི་བྱེད་ཕྱོགས་ལ་སྔར་ལས་ལྷག་པར་ཕྱོགས་ཡོངས་སུ་ལག་ལེན་བྱས་པ་དང་སྤྱི་དམངས་ཀྱི་ཆོས་དད་རང་དབང་ལ་ཡང་འགན་སྲུང་བྱས། ཆོས་ལུགས་བྱ་བའི་དོ་དམ་ཚད་གཞི་ཅན་དང་ལམ་ལུགས་ཅན། ཁྲིམས་ལུགས་ཅན་དུ་བསྒྱུར་བའི་གོམས་ཁ་སྔར་ལས་ཇེ་མགྱོགས་སུ་སོང་ཞིང་ཁྲིམས་ལྟར་སྲིད་འཛིན་གྱི་བྱ་བ་སྒྲུབ་པའི་ནུས་ཤུགས་ཇེ་ཆེར་སོང་། རྩ་བ་ནས་ཕྱི་རྒྱལ་གྱི་ངོ་ལོག་པས་ཆོས་ལུགས་བེད་སྤྱད་ནས་རང་རྒྱལ་ལ་གནོད་འཚེ་གཏོང་བར་ངོ་རྒོད་བྱེད་དགོས་པ་དང་། ནང་སྒོས་སུ་ཞིན་ཅན་ཝུའུ་ལོ་མའོ་ཆུས་སུ་བྱུང་བའི“7.5”དོན་རྐྱེན་གྱི་མདུན་ནས་ང་ཚོའི་ཆོས་ལུགས་ལས་རིགས་པས་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྒྲེང་བྱས་ཏེ་ཏང་དང་སྲིད་གཞུང་གི་བྱ་བ་ལེགས་པོ་སྒྲུབ་པ་དང་། ནུས་ཤུགས་ཡོད་པའི་སྒོ་ནས་སྤྱི་ཚོགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་འགན་སྲུང་བྱེད་དགོས། ཕྱི་འབྲེལ་ཐད་ནས་རང་བཙན་རང་བདག་དང་འདྲ་མཉམ་མཛའ་མཐུན། ཕན་ཚུན་བརྩི་འཇོག་གི་རྨང་གཞི་སྟེང་མུ་མཐུད་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་ཆོས་ལུགས་པའི་སྣང་ཚུལ་ལེགས་པོ་བསྟན་པ་རེད། །
