༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- བོད་ལྗོངས།
ཀྲུང་དབྱང་དང་ཏཱ་ལའི་མི་སྒེར་གྱི་འཐུས་ཚབ་བར་གྲོས་མོལ་གནང་བའི་སྐོར་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཚོགས་པ།
 2010-02-09 10:26 བོད་ལྗོངས་ཆ་འཕྲིན་ལྟེ་གནས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2ཚེས2ཉིན་གྱི་ཞོགས་པའི་ཆུ་ཚོད10སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཚོགས་ཤིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཉི་མ་ཚེ་རིང་བཅས་ཀྱིས་ཉེ་ལམ་ཀྲུང་དབྱང་དང་ཏཱ་ལའི་སྒེར་གྱི་འཐུས་ཚབ་བར་ཐུག་འཕྲད་དང་གྲོས་མོལ་གནང་བའི་སྐོར་ངོ་སྤྲོད་གནང་བ་མ་ཟད། ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།   །


ཨོ་སི་ཁྲི་རི་ཡའི་གསར་འགོད་པ་ཞིག་གིས་དྲི་བ་འདོན་བཞིན་པ།
 
 
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཚོགས་ར།
 
 
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཉི་མ་ཚེ་རིང་གིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།
 
 
དབྱིན་ཇིའི་གསར་འགྱུར་ལས་ཁུངས་སྐད་གྲགས་ཅན་རེའུ་ཁྲེར་སི་ཡི་གསར་འགོད་པས་དྲི་བ་འདོན་བཞིན་པ།
 
 
ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་དྲི་བ་འདོན་བཞིན་པ།

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག