༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- བོད་ལྗོངས།
ནག་ཆུ་རྫོང་གི་ཁྱད་ལྡན་ཐོན་རྫས་ཀྱིས་རོང་འབྲོག་མང་ཚོགས་རྣམས་ཕྱུག་པོའི་ལམ་དུ་ཁྲིད་པ།
 2010-01-13 10:03 བོད་ལྗོངས་ཆ་འཕྲིན་ལྟེ་གནས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ནག་ཆུ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་འགྲིམ་འགྲུལ་ལེགས་ཆར་བརྟེན་པ་དང་ཁྲོམ་རས་ཁྲིད་སྟོན་བྱས་ཁར་སྲིད་གཞུང་གིས་སྐུལ་འདེད་གཏོང་བ།རྣམ་གྲངས་ཀྱིས་སྐུལ་སྤེལ་གཏོང་བ།ལས་བྱེད་པས་སྣེ་ཁྲིད་བྱེད་པ།མང་ཚོགས་ཀྱིས་བྱ་སྤྱོད་སྤེལ་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་རྣམ་གྲངས་ཕྱོགས་སྒྲིག་དང་མ་དངུལ་བརྩོན་ལེན་བྱས་པར་བརྟེན་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་འཛུགས་པའི་ལས་དོན་ཐད་འགྲུབ་འབྲས་བཟང་པོ་ཐོབ་པ་དང་འབྲེལ་ས་གནས་དེ་གའི་དམངས་གཉེར་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད།མིག་སྔའི་བར་དཀར་ཆུའི་ཐོན་ཟོག་བཟོ་བ་དང་བྲིན་ཚོང་བྱ་རྒྱུ་གཙོ་གནད་དུ་བྱས་པའི་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཐོ་འགོད་བྱས་པ་དང་ཐོ་འགོད་བྱེད་བཞིན་ཡོད་པའི་ཁེ་ལས་41ཟིན་པ་དང་ཐད་ཀར་ཞུགས་མཁན་དུད་ཚང་1500ཙམ་དང་མི་གྲངས་9600ཙམ་ཡོད་ལ་དུད་ཚང་1000ཙམ་དང་མི་གྲངས་5000ཙམ་ལ་ཁྱབ་འགྱེད་ཐུབ་ཡོད།དཀར་ཆུའི་ཐོན་ཟོག་གི་གཙོ་བོ་བྱས་པའི་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ཟོག་དེ་མང་ཚོགས་ཀྱི་འབབ་ཁུངས་གཙོ་བོར་གྱུར་ཡོད།
  འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཡག་པོ་གཉེར་ཆེད་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ནག་ཆུ་རྫོང་སྲིད་གཞུང་གིས་དང་ཐོག་ནག་ཆུ་གྲོང་རྡལ་མན་བདེ་དོན་གཅོད་ཁྲུའུ་དང་།རིང་མོ་དོན་གཅོད་ཁྲུའུ།ལྷོ་མ་གྲོང་རྡལ་བཅས་སུ་ཚོད་ལྟ་བྱས་རྗེས་སྔ་རྗེས་སུ་མན་བདེ་དོན་གཅོད་ཁྲུའུ་དུད་འབྲེལ་དཀར་ཆུའི་ཐོན་ཟོག་ལས་སྣོན་བྲིན་ཚོང་དཔེ་སྟོན་ས་ཚིགས་དང་ལྷོ་མ་གྲོང་རྡལ་གྲོང་ཚོ་བཞི་ཡི་ཕྱུགས་རིགས་རྒྱགས་གསོའི་ས་ཚིགས་སོགས་བསྐྲུན་ཡོད།གྲུབ་འབྲས་ཐོབ་པའི་རྨང་གཞིའི་ཐོག་རྫོང་དེས་སླར་ཡང་ལྷོ་མ་གྲོང་རྡལ་དང་།ཤ་མོ་ཤང་།ཀོ་ལུག་གྲོང་རྡལ་བཅས་སུ་ས་ཚིགས་བཙུགས་པར་བརྟེན“མན་བདེའི་ཞོ་དང་དབེན་ནིའི་ལུགཀོ་ལུག་གི་མར་དང་ལ་ལ།ནག་ཆུ་གྲོང་རྡལ་གྱི་ཚགས་ཤ”བཅས་ཀྱིས་གཙོ་བོ་བྱས་པའི་ནག་ཆུ་རྫོང་གི་འོ་མའི་ཐོན་ཟོག་རིམ་གྱིས་ཆགས་ཡོད།ཚན་རྩལ་རྣམ་གྲངས་ཀྱིས་འདྲེན་བརྟེན་དུ་བྱས་ཏེ་གཞི་ཁྱོན་ལྡན་ལ་ལེགས་བསྡུས་ཞིབ་གཉེར་གྱི་དཀར་ཆུའི་ལས་སྣོན་བཟོ་གྲྭ་བཙུགས་ནས“འབྲི་གསེར”གྱི་དཀར་ཆུའི་ཐོན་ཟོག་རབ་དང་རིམ་པ་བཏོད་ཡོད།དེ་དང་ཆབས་ཅིག་ནག་ཆུ་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་དང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་གཙོ་གནད་དུ་བྱས་ནས་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་།ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་སྐྱེད་བསྲིང་བྱེད་པ།ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་རྟེན་གཞི་བསྐྲུན་པ་བཅས་བྱས་ཐོག་དཔལ་འབྱོར་གྱི་འཕར་གནས་གསར་པ་སྐྱེད་བསྲིང་ཧུར་ཐག་བྱས་པ་རེད།ཞིང་འབྲོག་ཁུལ་གྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་གཏོང་རྒྱུ་དེ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གནས་བབ་གལ་ཆེན་ཐོག་བཞག་ནས་དམ་འཛིན་བྱས་ཡོད།ལོ་ཤས་འབད་བརྩོན་བྱས་པ་བརྒྱུད་རྫོང་དེ་ཡོངས་སུ་ནག་ཆུ་གྲོང་རྡལ་དང་།ལྷོ་མ་གྲོང་རྡལ།ཤ་མོ་ཤང་།ཀོ་ལུག་གྲོང་རྡལ་བཅས་ཀྱིས་གཙོ་བོ་བྱས་པའི་དཔལ་འབྱོར་ཁུལ་རིམ་གྱི་ཆགས་པ་མ་ཟད།འབྲོག་ཟོག་ལས་སྣོན་ཞིབ་ཚགས་བྱ་ཡུལ་དང་།ཕྱུགས་རིགས་དུས་ཐུང་རྒྱགས་གསོའི་རྟེན་གཞི།འབྲོག་པའི་ཨར་(རྡོ་གཤགས)ལས་རུ་ཁག“གསུམ་བརྒྱད”འཁལ་འཐག་བཟོ་གྲྭ་སོགས་བཙུགས་པ་དང་ཆབས་ཅིག་དུད་ཚང་1500ལྷག་ཙམ་ལ་ཁྱབ་འགྱེད་དང་སྣེ་ཁྲིད་ཐུབ་པ་བྱུང་ཡོད།ད་དུང་བོད་ལྗོངས་གསོལ་མགྲོན་ཁང་དང་།ནག་ཆུ་གསོལ་མགྲོན་ཁང་། བོད་བྱང་ཐང་མཁར་ཆེན་སོགས་རང་ལྗོངས་སུ་སྐད་གྲགས་ཡོད་པའི་ཁེ་ལས་ཁག་ཅིག་དང་ཞོ་དང་ཤ་བྲིན་ཚོང་བྱ་རྒྱུའི་གན་རྒྱ་བཞག་ཡོད།བསྡོམས་རྩིས་བྱས་པར་གཞིགས་ན།འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་239.43ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1021.61ཟིན་ཡོད།
  འབྲོག་པ་མང་ཚོགས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནང་ཞུགས་པར་བརྟེན་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་ཕྱིན་ཞིང་།མིག་སྔའི་བར་ནག་ཆུ་རྫོང་གི་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཉེ་འཁོར་མང་ཚོགས་དབུ་ལ་པོ་9605ཙམ་སྣེ་ཁྲིད་ཐུབ་པ་བྱུང་ལ་ཤང(གྲོང་རྡལ)དང་གྲོང་ཚོའི་མང་ཚོགས་ཀྱིས་རང་འཕེལ་སྒྲིག་འཛུགས་བྱས་པའི་མ་རྐང་ལམ་ལུགས་ཀྱི་ཁེ་ལས་དང་།མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་།ཆེད་ལས་མཐུན་ཚོགས་བཅས་ཀྱིས་གཙོ་བོ་བྱས་པ་དང་།འཇོན་ཐང་སྣེ་ཁྲིད་རྣམ་པའི་མཉམ་ལས་ཁང་།གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་རྣམ་པའི་མཉམ་ལས་ཁང་སོགས་བྱེད་ཐབས་སྣ་མང་གིས་ཁ་གསབ་བྱེད་པའི་འབྲོག་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རིམ་གྱིས་ཆགས་ཡོད།  །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག