མཛོད་དགེ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒེ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྔར་ལས་ལྷག་པའི་སྒོ་ནས་གཏིང་ཟབ་དུ་གཏོང་ཆེད། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་གིས“ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོང་དང་། གཅིག་སེམས་གཅིག་འབྲེལ་སྒོས་འཆམ་མཐུན་བདེ་སྐྱིད་ཀྱི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པ”ཞེས་པ་བརྗོད་གཞི་ཡིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ། 

ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་བྱེད་སྒོས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་མི་རིགས་སྲིད་ཇུས་ཀྱི“ ཁ་འབྲལ་ཐབས་མེད་པ་གསུམ” དང་། “ ངོས་འཛིན་གཅིག་མཐུན་ལྔ” “བྱེད་མི་ཆོག་པ་ལྔ” སོགས་རིགས་པའི་གཞུང་ལུགས་ཤེས་བྱ་སྒྲོག་འགྲེལ་བྱས་པ་ཡིན། ཁྲོམ་ལམ་ཏུ་སྦྱར་ཡིག17འཕྲེད་འགེལ་བྱས་ཏེ།  LED གློག་རྡུལ་བརྙན་ཤེལ་སྟེང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཁ་བྱང་ཐེངས2000ལྷག་ཙམ་ཁྱབ་གཏོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་བརྡ་ཁྱབ2000ལྷག་འགྲེམ་སྤེལ་བྱས་པ་དང་། ཀྲུང་གོའི་ཆོས་ལུགས་སྐོར་གྱི་དཔེ་དེབ་དང་མི་རིགས་དུས་དེབ་སོགས་ཀྱི་དྲིལ་བསྒྲགས་དེབ900ལྷག་ཙམ་འགྲེམ་གཏོང་བྱས། ད་ཐེངས་ཀྱི་བྱེད་སྒོའི་སྟེང་མི་གྲངས2000ལྷག་ཙམ་ཞུགས་ཡོད། 

དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་བརྒྱུད་དེ། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ལ་བཟུང་བའི་ངོས་འཛིན་དང་ཤེས་རྟོགས་ལ་ཤུགས་བསྣན་ཏན་ཏིག་བརྒྱབ་ནས་རྫོང་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་ཁོར་ཡུག་བསྐྲུན་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།