རྔ་བ་ཁུལ་ཧུང་ཡོན་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ།

1538184902924531.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་རྣམ་པ་ཟབ་མོ་ཞིག་བསྐྲུན་ཆེད། རྔ་པ་བོད་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡིས་“ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། གཅིག་སེམས་གཅིག་སྦྲེལ་གྱིས་འཆམ་མཐུན་ཧུང་ཡོན་མཉམ་སྐྲུན”ཞེས་པ་བརྗོད་གཞི་བྱས་ཏེ། རྫོང་མཁར་དང་དེའི་མཐའ་འཁོར་དུ་གཅིག་བསྡུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྒོས་སྤེལ། 

བྱེད་སྒོས་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་ཆ་འགྲེམས་གཏོང་།  ཡུལ་དངོས་སུ་འགྲེལ་བཤད། ཁྱིམ་དུ་དྲིལ་བསྒྲགས། ལན་བཏབ་ནས་ལག་རྟགས་ལེན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གཏོད་པའི་དམིགས་ཡུལ་དོན་སྙིང་དང་། མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས།  བཅའ་ཁྲིམས་ཁྲིམས་སྲོལ་སོགས་ལ་སྔར་ལས་ལྷག་པའི་ངོས་འཛིན་དང་ཤེས་རྟོགས་བྱུང་དུ་བཅུག་པ་དང་ཆབས་ཅིག་ཏུ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཆེ་རུ་བཏང་། 

ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ཡུལ་དངོས་སུ་མང་ཚོགས་ཀྱི་དྲི་བར་ལན་བརྒྱབ་པ་མི་ཐེངས500ལྷག་ཙམ་དང་། ལན་བཏབ་བར་ལག་རྟགས325བྱིན་པ།  དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས1360བཅ་འགྲེམས་གཏོང་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།