ཟུང་ཆུ་རྫོང་གིས་རྨོ་བསྐྱུར་ནགས་གསོའི་ཁ་གསབ་རོགས་དངུལ་སྒོར་ཁྲི734འཛིན་སྤྲོད་དངུལ་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས28ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གི་བསྡོམས་རྩིས་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018 ལོར། ཟུང་ཆུ་རྫོང་གིས་རྨོ་བསྐྱུར་ནགས་གསོའི་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི734འཛིན་སྤྲོད་དངུལ་ལེན་བྱས་པ་དང་། ས་ཆ་མུའུ་ཁྲི2.5རྨོ་བསྐྱུར་ནགས་གསོ་བྱས་ཤིང་། དེའི་ནང་རེས་སྐོར་དང་པོ་རྨོ་བསྐྱུར་ནགས་གསོའི་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི494འཛིན་སྤྲོད་དངུལ་ལེན་བྱས་པ་དང་། ས་ཆ་མུའུ་ཁྲི1.9རྨོ་བསྐྱུར་ནགས་གསོ་བྱས་ལ་ཁ་གསབ་ཀྱི་ཚད་གཞི་ནི་མུའུ་རེར་སྒོར260ཡིན་པ་རེད། རེས་སྐོར་གཉིས་པ་རྨོ་བསྐྱུར་ནགས་གསོའི་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི240འཛིན་སྤྲོད་དངུལ་ལེན་བྱས་པ་དང་། མུའུ་ཁྲི0.6རྨོ་བསྐྱུར་ནགས་གསོ་བྱས་ལ་ཁ་གསབ་ཀྱི་ཚད་གཞི་ནི་མུའུ་རེར་སྒོར400རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།