སྡེ་དགེ་པར་ཁང་གིས་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཐོག་བོད་ཡིག་པར་འདེབས་རིག་གནས་འགྲེམ་སྟོན་བྱས།

20189296207344875.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་བཅུ་བདུན་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དེ་ཁྲེང་ཏུའུ་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། སྡེ་དགེ་རྫོང་གིས་ད་ཐེངས་ཀྱི་གོ་སྐབས་བསྟུན་ནས། ཆེས་མཐའ་མའི་པར་འདེབས། སྡེ་དགེ་པར་ཁང་ཁྱིམ་དུ་གདན་འདྲེན་ཞུ་ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་གཉེར་ཡོད། སྡེ་དགེ་པར་ཁང་ནི་བོད་ཁུལ་གྱི་པར་ཁང་ཆེན་པོ་གསུམ་གྱི་ཡ་གྱལ་ཡང་ཟེར། འཛམ་གླིང་གི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་། འཛམ་གླིང་གི་དྲན་བརྒྱུད་ཤུལ་བཞག རྒྱལ་ཁབ་རིམ་པའི་གནད་ཆེའི་རིག་དངོས་སྲུང་སྐྱོབ་ཚན་པ་བཅས་ཀྱི་ཁོངས་སུ་གཏོགས།

20189296274110492.jpg

སྒོ་རའི་ནང་གི་བོད་ཡིག་གི་གནའ་བོའི་པར་ཤིང་དེ་དག་ལ་ལོ་ངོ300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་ཡིད་དབང་བཀུག་ཡོད། པར་ཤིང་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཆེད། སྡེ་དགེ་པར་ཁང་གི་པར་གཞི་བཀག་སྡོམ་ཉར་ཚགས་བྱེད་རྒྱུའི་དུས་ལ་སླེབས་འདུག སྲུང་སྐྱོབ་རང་བཞིན་ལྡན་པའི་མཚམས་ཆད་པར་འདེབས་མ་གཏོགས་བྱེད་མི་ཆོག རྒྱ་ཆེའི་མང་ཚོགས་དང་སྤྱི་ཚོགས་ཀྱི་ཚོགས་པ་སོགས་ཀྱིས་པར་ཤིང་པར་བསྐྲུན་གྱི་དགོས་མཁོ་སྐོང་ཆེད། སྡེ་དགེ་པར་ཁང་གིས2018ལོ་ནས2020ལོ་བར་གྱི་ལོ་གསུམ་གྱི་དུས་ཚོད་སྤྱད་དེ། སྲུང་སྐྱོང་རང་བཞིན་གྱི་ཆེས་མཇུག་པར་ཤིང་རྙིང་པ་པར་འདེབས་བྱེད་པ་དང་། རྗེས་སུ་པར་ཤིང་རྙིང་པ་ཚང་མ་བཀག་སྡོམ་ཉར་ཚགས་དང་སྲུང་སྐྱོང་བྱས་ནས། བསྐྱར་དུ་བརྐོས་རྗེས་ཀྱི་པར་གཞི་གསར་པ་མ་གཏོགས་པར་འདེབས་མི་བྱེད། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྐབས་དྲུག་པའི་སི་ཁྲོན་ཞིང་ལས་འགྲེམ་ཚོགས་ཡང་དེ་དང་ཆབས་ཅིག་ཏུ་དངོས་སུ་སྤེལ་འགོ་ཚུགས་པ་དང་། སྐབས་འདིའི་ཞིང་ལས་འགྲེམ་ཚོགས་ཀྱི་དམིགས་ཡུལ་ནི་ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་བྱས་ནས། དེར་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་པ་དང་། ཞིང་ལས་ཕྱི་ཕྱོགས་སུ་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་ལས་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་ཡིན།

20189297991676117.jpg

སྡེ་དགེ་རྫོང་གི་ད་ཐེངས་ཀྱི་ཞིང་ལས་འགྲེམ་ཚོགས་ཏེ། དྭངས་གཙང་གི་དཀར་མཛེས་འགྲེམ་ཁང་ཞེས་པའི་བརྗོད་དོན་གཙོ་བོའི་རྫོང་བྱས་ནས། རྫོང་དེས་ས་གནས་དེ་གའི་ཞིང་ལས་དང་ཡུལ་སྐོར་ཁེ་ལས་བརྒྱད་སྒྲིག་འཛུགས་བྱས་ཡོད་པ་དང་། དེ་བཞིན་ཞིང་ལས་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དགུ་འགྲེམ་ཚོགས་ནང་ཞུགས་ཡོད། གཙོ་བོར་མཐོ་སྒང་གི་འབྲི་གཡག་གི་ཤ་དང་། བོད་ཕག་གི་ཤ། མཐོ་སྒང་གི་མོག་རོ། སྔོ་སྲུག ཐང་ཀ བསླས་ཐག བོད་ཤོག སྤོས། བོད་སྨན། རྫ་ཆས། སྲོལ་རྒྱུན་གྱི་དམངས་ཁྲོད་རྒྱན་གོས་སོགས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་ངོ་སྤྲོད་དང་། སྡེ་དགེའི་རིག་གནས་ཚོང་རྟགས་ཀྱི་གྲགས་ཚད་མཐོར་གཏོང་དང་། སྡེ་དགེ་རྫོང་གི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྡེ་དགེའི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་གང་ལེགས་མངོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།