2019ལོར་མཚོ་ལའི་ཕུག་ལམ་དུ་རླངས་འཁོར་གཏོང་ཆོག

2018080910290117022.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་དོན། ལོ་དྲུག་རིང་ལ་དཀའ་བ་སྤྱད་དེ་བཟོས་པའི་ཨར་ལས་ཏེ་སྤྱིའི་རིང་ཚད་ལ་སྨི2522ཡོད་པའི་མཚོ་ལའི་ཕུག་ལམ་དེ་སྤྱི་ཟླ8པའི་ཚེས2ཉིན་བདེ་བླག་ངང་ཕུག་ཐུབ་པ་བྱུང་བ་རེད། ཕུག་ལམ་དེ་ནི་སེར་ཤུལ་རྫོང་ནས་སྡེ་དགེའི་མ་ཎི་གད་འགོའི་བར་ཡོད་ཅིང་། ད་ལྟར་ཕུག་ལམ་གྱི་ཞོར་གཏོགས་ཨར་ལས་དང་ཕུག་ལམ་གྱི་འཕྲུལ་གློག འགྲིམ་འགྲུལ་བདེ་སྲུང་ཨར་ལས་བཅས་ལས་སྒང་ཡིན་ཞིང་། སྔོན་དཔག་བྱས་ན2019ལོའི་དཔྱིད་གསར་དུས་ཆེན་གྱི་སྔོན་དུ་རླངས་འཁོར་ཤར་རྒྱུག་བྱ་ཐུབ་རྒྱུ་རེད།

2018080910281058432.jpg

  ཤེས་རྟོགས་བྱུང་བ་ལྟར་ན། སེར་ཤུལ་ནས་མ་ཎི་གད་འགོའི་བར་གྱི་གཞུང་ལམ་གྱི་རིང་ཚད་ལ་སྤྱི་ལེ217ཡོད་ཅིང་། མ་དངུལ་སྒོར་དུང་ཕྱུར18.28བཏང་ཡོད། 2012ལོའི་ཟླ་བ9པར་ལས་འགོ་ཚུགས་ཤིང་མཚོ་ལའི་ཕུག་ལམ་ཕུད་དེ་མིན་གྱི་སྤྱི་ཁོག་ཨར་ལས་དེ2014ལོའི་ཟླ་བ9པའི་ཟླ་མཇུག་ནས་ལས་ཚར་ཡོད། མཚོ་ལའི་ཕུག་ལམ་ནི་སྡེ་དགེའི་ས་ཁོངས་སུ་ཡོད་ཅིང་། ཕུག་སྒོ་ཡོད་སའི་མཚོ་འཕགས་སྨི4371ཡོད་ཅིང་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པ་རེད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།