དར་མདོ་གྲོང་ཁུལ་གྱིས་ལས་གཞིའི་སྦྲེལ་མཐུད་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་དར་མདོར་ཁྲེང་ཏུའུ་སའི་གོ་ལའི་དུས་རབས་གྲོང་ཁྱེར་འདུས་ཚོགས་འགྲེམ་ཚོགས་ཀྱི་ལས་འཛིན་གཞོན་པ་ཏེང་ཧུང་དང་དར་མདོའི་གྲོང་ཁུལ་གྱི་ལས་གཞི་ཐད་བཞུགས་མོལ་ཚོགས་འདུ་བསྡུས་པ་རེད།

བཞུགས་མོལ་ཚོགས་མ་འཚོགས་སྔོན་དུ། ཏེང་ཧུང་དང་བཅས་པས་དར་མདོའི་གྲོང་ཁུལ་གྱི་ལས་གཞི་འཆར་འགོད་བྱེད་ས་དང་ཕག་མོ་རི་བོའི་མཛེས་ལྗོངས་ཁུལ་གྱི་ཡུལ་དངོས་སུ་རྟོག་ཞིབ་མཛད་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲང་ཁྲེང་ལུང་གིས་ཕེབས་རོགས་བྱས་པ་དང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཏེང་ཧུང་དང་བཅས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་དར་མདོ་གྲོང་ཁུལ་གྱི་ལས་གཞི་དེ་རང་ཁུལ་གྱིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་དང་གྲོང་ཁྱེར་གྱི་རྣམ་པ་ཇེ་ཡག སྤྱི་ཐུན་མོང་གི་ཞབས་སྒྲུབ་ནུས་པ་ཇེ་དྲག་གཏང་རྒྱུ་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ཡོད་པར་བརྟེན། ཁུལ་ཨུ་དང་ཁུལ་སྲིད་གཞུང་། དར་མདོ་གྲོང་ཁྱེར་ཏང་ཨུ། གྲོང་ཁྱེར་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ལས་གཞི་འདི་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས། ཧུར་ཐག་གིས་ཕྱོགས་གང་ཐད་ཀྱི་གྲ་སྒྲིག་ལས་དོན་ཡག་པོར་བསྒྲུབས་ཏེ་དར་མདོའི་གྲོང་ཁུལ་གྱི་ལས་གཞི་སྔ་སྣུར་དུ་ལས་འགོ་ཚུགས་རྒྱུར་ཆ་རྐྱེན་བསྐྲུན་དགོས། ཆེད་དོན་ཚན་ཁག་བཙུགས་ནས་ལས་གཞི་འདིར་རྗེས་འདེད་ཞབས་ཞུ་བྱ་དགོས་ཞེས་གསུངས་པ་རེད། ལིའུ་ཁྲེང་མིང་གིས་ཕྱོགས་སོ་སོས་ཐུན་མོང་དུ་འབད་བརྩོན་བྱས་ཏེ་ལས་གཞི་ཇེ་མགྱོགས་སུ་སྐྲུན་འགོ་ཚུགས་པས་མ་ཚད་བེད་སྤྱོད་བྱས་ནས་རང་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་དགོས་པར་མ་ཟད། ལས་གཞི་འདིའི་ཕན་ནུས་གང་ལེགས་བྱས་ནས་རང་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་དབུལ་ཐར་འགག་སྒྲོལ་སོགས་ཀྱི་ཐད་ལ་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཏེང་ཧུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། དར་མདོ་གྲོང་ཁྱེར་ཏང་ཨུ། གྲོང་ཁྱེར་སྲིད་གཞུང་གིས་དར་མདོའི་གྲོང་ཁུལ་གྱི་ལས་གཞིར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་བ་རེད། ཁོང་གིས་ཁྲེང་ཏུའུ་སའི་གོ་ལའི་དུས་རབས་གྲོང་ཁྱེར་འདུས་ཚོགས་འགྲེམ་ཚོགས་ཀྱི་ཡུལ་སྐོར་ཚོགས་པས་དར་མདོའི་གྲོང་ཁུལ་གྱི་ལས་གཞིའི་ཇུས་འགོད་འཆར་གཞི་ཇེ་མགྱོགས་སུ་འཐུས་སྒོ་ཚང་དུ་གཏང་རྒྱུ་ཡིན་པ་དང་། ལས་གཞི་སྔ་སྣུར་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན། ཁྲེང་ཏུའུ་སའི་གོ་ལའི་དུས་རབས་གྲོང་ཁྱེར་འདུས་ཚོགས་འགྲེམས་ཚོགས་ཀྱི་ཡུལ་སྐོར་ཚོགས་པས་ཚོགས་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་དཀར་མཛེས་བོད་ཁུལ་གྱི་ཡུལ་སྐོར་གསར་སྦོལ་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ལ་ཧུར་ཐག་ཞུགས་ནས། དཀར་མཛེས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུའི་ཐད་ལེགས་སྐྱེལ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།