《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཐེངས་གཉིས་པའི་མ་ཕྱིའི་གཏན་འབེབས་གྲོས་ཚོགས་ཁྲི་འདུ་རུ་འཚོགས།

1.jpg

ཚོགས་རའི་ཡུལ་དངོས།

2.jpg

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

3.jpg

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི་ཟླ4པའི་ཚེས་13ཉིན་ནས་ཚེས་15ཉིན་བར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་རིམ་པའི་ལས་གཞི་《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཐེངས་གཉིས་པའི་མ་ཕྱིའི་གཏན་འབེབས་གྲོས་ཚོགས་ཁྲི་འདུ་རུ་གཟབ་རྒྱས་ངང་འཚོགས།

4.jpg

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ། ཀན་སུའུ་རྩེ་ཞིག་དགོན་པའི་རྩེ་ཞིག་ཚང་གིས་གཡུང་དྲུང་བོན་གྱི་བཀའ་བསྟན་མ་དཔེ་སྒྲིག་ཞུ་གཏན་འབེབས་སྐོར་གྱི་སྲོལ་ཡིག་དོན་ཚན་ལ་འགྲེལ་བརྗོད་དང་གསལ་བཤད་གནང་བཞིན་པ།

       རྒྱལ་ཁབ་ཀྱི་ཚད་ལྡན་དཔེ་སྐྲུན་ཁང་ནས་རྩོམ་སྒྲིག་དང་དཔེ་སྐྲུན་བྱེད་པར། སྤུས་ཀའི་ཚད་གཞི་དང་མ་ཕྱི་ཚགས་སྒྲིག །ཞུ་དག་བྱེད་སྟངས། མཆན་རྒྱག་ལུགས་སོགས་ཀྱི་ཐད་ནས་ཇི་ལྟར་མཉམ་འཇོག་དགོས་པ་དང་། དཔེ་ཆ་རེ་རེ་བཞིན་ཇི་ལྟར་ཚད་ལྡན་དང་གཅིག་གྱུར་ཡོང་ཐབས་སོགས་ལ་དམིགས་ཏེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་PPTཐོག་ནས་ཚད་ལྡན་གྱི་ཞུ་དག་བྱེད་སྟངས་སྐོར་དང་མ་ཕྱི་སྒྲིག་ཞུ་བྱ་བའི་སྐོར་ནས་མཛུབ་མོ་རི་སྟོན་གྱི་ཚུལ་དུ་གསལ་སྟོན་དང་དགོངས་འཆར་གང་ལེགས་བསྩལ།

6.jpg

ཐེངས་འདིའི་ཚོགས་འདུའི་ཐོག་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ལྗོངས་ཞིང་ནས་ཕེབས་པའི་གཡུང་དྲུང་བོན་གྱི་མཁན་སྤྲུལ་དགེ་བཤེས་རྣམ་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་རྣམས་བཅས་ཁྱོན་ཚོགས་མི་ལྔ་བཅུ་ལྷག་གིས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་སྒྲིག་ཞུ་བྱ་བའི་འཆར་གཞི་དང་ཐབས་ལམ། བྱེད་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་ལྷུག་པོ་གནང་སྟེ། འབྱུང་འགྱུར་འཆར་གཞི་ལྟར་རྒྱལ་ཁབ་རིམ་པའི་རྣམ་གྲངས་འགངས་ཆེན་འདི་ཉིད་དུས་ཐོག་ཏུ་དོན་འཁྱོལ་ཡོང་བར་ཁ་ཕྱོགས་གསལ་སྟོན་དང་དཔེ་སྐྲུན་བྱ་བའི་རྨང་གཞི་ལེགས་པར་བཏིང་།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།