ཁམས་སྡེ་དགེར་ཆུ་འབྲུབ་ནས་ཞུད་སྐྱོན་ཐེབས་པའི་གནས་ཚུལ་ཐོན་འདུག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་7པའི་ཚེས་5ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་པའི་གནས་ཚུལ་ལྟར་ན།  ཚེས་4ཉིན་གྱི་དགོང་མོ་ཆུ་ཚོད་21ནས་ཕྱི་ཉིན་ཆུ་ཚོད་3བར་དྲག་ཆར་རྒྱུད་ཆད་མེད་པ་བབས་ཏེ་སྡེ་དགེ་གྲོང་ཁྱེར་གྱི་ཆུ་བོ་ཆེ་འབྲིང་ཆུང་གསུམ་འབྲུབ་ནས་ཆུ་རགས་ལ་གཏོར་བརླག་དང་གྲོང་ཁྱེར་ནང་དུ་འགྲོ་འོང་བྱེད་པའི་རྒྱལ་ལམ་317དུམ་བུ་ཁག་ཆད་ཡོད། གནད་དོན་བྱུང་རྗེས། སྡེ་དགེ་རྫོང་གིས་མྱུར་དུ་ཆུ་འགོག་འཕྲལ་སྡོམ་བྱེད་ཐབས་སྤེལ་སྟེ། ལས་ཞུགས་མི་སྣ་500ལྷག་རྩ་འཛུགས་བྱས་ཏེ་ཉེན་འགོག་གེགས་སེལ་གྱི་ལས་དོན་བསྒྲུབས་ཡོད་ལ། མང་ཚོགས་200ལྷག་གནས་སྤོ་བྱས་བཅུག 

 མིག་སྔར། སྡེ་དགེ་རྫོང་གི་ཆུ་འགོག་འཕྲལ་སྡོམ་ལས་དོན་སྤེལ་དང་སྤེལ་བཞིན་ཡོད་ལ།  གནོད་འཚེ་ཐེབས་པའི་གནས་ཚུལ་ཡང་སྡོམ་རྩིས་བྱེད་བཞིན་ཡོད། མིག་སྔར་མི་ཤི་རྨས་ཀྱི་སྙན་ཞུ་ཐོབ་མེད།   །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།