༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- སི་ཁྲོན།
དཀར་མཛེས་ཁུལ་གྱི2009ལོའི་ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་བསྐྱལ་བ་ལས་ཕྱིར་ཚོང་མ་དངུལ་སྒོར་ཁྲི3700ལས་བརྒལ་བ།
བསམ་འཕེལ་ནོར་བུས་བསྒྱུར། 2010-02-09 11:25 ཀྲུང་གོ་དཀར་མཛེས་དྲ་བ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2009ལོར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་བསྐྱལ་བའི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་། ཁྱིམ་སྤྱོད་གློག་ཆས25038གཞི་རིམ་དུ་བསྐྱལ་བ་དང་ཕྱིར་ཚོང་མ་དངུལ་སྒོར་ཁྲི3729ལ་བསླེབས། རོང་འབྲོག་པས་རྒྱལ་ཁབ་ཀྱིས་གནང་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི480ལོངས་སུ་སྤྱད་པ་དང་། ཁུལ་ཡོངས་ཀྱི་ཁྱིམ་ཚང་ཁྲི2ལྷག་ལ་ཁེ་ཕན་ཐོབ། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་མཛད་སྤྱོད་ཐོན་རྫས་སིལ་འཚོང་གི་སྤྱི་འབོར་གྱི་འཕེལ་ཚད་ཆེས་ཐོག་མར་གྲོང་ཁྱེར་ལས་མཐོ་བར་གྱུར་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་རོང་འབྲོག་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་། ལོ་གཅིག་ལྷག་གི་རིང་ལ་ལག་བསྟར་བྱས་པ་བརྒྱུད། ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་བསྐྱལ་བའི་སྲིད་ཇུས་དེ་རྔ་བུ་ཁུལ་གྱི་ནང་མཁོ་རྒྱ་བསྐྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ཕན་འབྲས་ཆེན་པོ་བཏོན། 2010ལོར། རྔ་བ་ཁུལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་བླང་བྱ་ལྟར། མུ་མཐུད་དུ་ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་སྐྱེལ་པའི་ཁྱབས་ཁོངས་རྒྱ་བསྐྱེད་དང་། ཐོན་རྫས་ཀྱི་རིགས་སྣ་ཇེ་མང་དུ་བཏང་ནས། ཐོན་རྫས་ཀྱི་ཚད་བཀག་རིན་གོང་གི་ཚད་གཞི་ཇེ་མཐོར་གཏོང་བ་དང་། དྲིལ་བསྒྲགས་ཕྱིར་ཚོང་ལ་སྐུལ་འདེད་བྱེད་པ་དང་། གཞི་རིམ་དུ་བསྐྱལ་བའི་ཐོན་རྫས་འཚོང་ལམ་མ་ལག་འཛུགས་སྐྲུན་བྱས་ནས། སྔར་ལས་མང་བའི་རོང་འབྲོག་པ་མང་ཚོགས་ལ་དོན་དངོས་ཕན་འབྲས་ཐོབ་པ་རེད།   །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག