༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- སི་ཁྲོན།
རྔ་བ་རྫོང་སྡེ་དགེ་ཤང་དུ་རོང་འབྲོག་པའི་གསབ་སྦྱོང་འཛིན་གྲྭ་ཐོག་མ་བཙུགས་པ།
བསམ་འཕེལ་ནོར་བུས་བསྒྱུར། 2010-02-09 10:27 སི་ཁྲོན་གསར་འགྱུར་དྲ་བ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “a 、o、e......”“ཀ་ཁ་ག......” ཉེ་སྔོན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་སྡེ་དགེ་ཤང་དཀྱིལ་སྙིང་སློབ་གྲྭའི་ར་སྐོར་ནང་དུ། འདི་ལྟ་བུའི་ཀ་ཁའི་ཀློག་འདོན་གྱི་སྒྲ་ལྷང་ལྷང་དུ་གོ་ཐུབ།

    ཟླ1པོའི་ཚེས4ཉིན་ནས་ཟླ2པའི་ཚེས5ཉིན་བར་དུ། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་སྡེ་དགེ་ཤང་དུ་ཆེས་ཐོག་མའི“རོང་འབྲོག་པའི་རྒན་དར་གཞོན་གསུམ་གྱི་གསབ་སྦྱོང་འཛིན་གྲྭ”བསྡུས། གསབ་སྦྱོང་གི་ནང་དོན་གཙོ་བོ་ནི་བོད་ཡིག་དང་རྒྱ་ཡིག་གི་རྨང་གཞིའི་ཤེས་བྱ་དང་། རྒྱལ་ཁབ་ཀྱིས་བོད་ཁུལ་ལ་བཏོན་པའི་དམངས་ཕྱུག་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ་དང་། གནས་སྐོར་རིག་གནས། ཆོས་ལུགས་རིག་གནས། རོང་འབྲོག་པར་རྒྱུན་མཁོའི་ལག་རྩལ། བཅའ་ཁྲིམས་ཁྲིམས་སྲོལ་སོགས་དང་། རྔ་བ་རྫོང་དུ་ལག་བསྟར་བྱེད་མུས་སུ་ཡོད་པའི་རོང་འབྲོག་པའི་གཏན་སྡོད་འཆར་གཞིའི་འབྲེལ་ཡོད་སྲིད་ཇུས་ཏེ། 《རྔ་བ་ཁུལ་ཆོས་ལུགས་ལས་དོན་དོ་དམ་གནས་སྐབས་བྱེད་ཐབས》དང་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་གི་འབྲེལ་ཡོད་ནང་དོན་གཙོ་གནད་དུ་བཟུང་ནས་སློབ་ཁྲིད་གནང་།    །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག