སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་ཅན་འོས་སྦྱོར་དང་དཔྱད་འདེམས་བྱ་འགུལ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ།

   སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀུན་སྤྱོད་དཔེ་བཟང་ལ་སློབ་སྦྱོང་། ཀུན་སྤྱོད་དཔེ་བཟང་ལ་བརྩི་བཀུར། ཀུན་སྤྱོད་དཔེ་བཟང་བརྩོན་ལེན་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་དམངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་སྤྱི་ཚོགས་ཤེས་རིག་ཚད་གཞི་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དཔལ་ཡོན་གཞུང་དོན་ཁང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་ད་ལོར་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་ཅན་དཔྱད་འདེམས་ཀྱི་གཟེངས་བསྟོད་བྱ་འགུལ་སྤེལ་རྒྱུ་ཡིན་པ་རེད།  

 གཅིག འོས་སྦྱོར་གྱི་རིགས། 

སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་ཅན་དཔྱད་འདེམས་ལ་“གཞན་ཕན་བསྒྲུབ་རྒྱུར་དགའ་བའི་དཔེ་བཟང་ཅན”དང“དོན་དངོས་ལ་གདོང་གཏོད་ཕོད་པའི་དཔེ་བཟང་ཅན” “ཁ་དན་ཚིག་གནས་ཀྱི་དཔེ་བཟང་ཅན” “ལས་རིགས་ལ་བརྩི་བཀུར་དང་བྱས་རྗེས་འབུལ་ཐུབ་པའི་དཔེ་བཟང་ཅན” “རྒན་བཀུར་གཞོན་བྱམས་ཀྱི་དཔེ་བཟང་ཅན”བཅས་རིགས་ལྔ་ལ་དབྱེ་ཡོད།  

   གཉིས། འོས་སྦྱོར་བྱེད་སྟངས།     

འཕྲིན་ཡིག་དང་ཁ་པར་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་ཁྱེར་དང་ཁུལ་ཁག་གི་དཔལ་ཡོན་གཞུང་དོན་ཁང་ངམ་ཡང་ན་ཞིང་ཆེན་དཔལ་ཡོན་གཞུང་དོན་ཁང་ལ་འོས་སྦྱོར་བྱེད་པ།     

གསུམ། འོས་སྦྱོར་དུས་ཚོད།    

2019ལོའི་ཟླ་4བའི་ཚེས་15ཉིན་ནས་ཟླ4བའི་ཚེས་25ཉིན་བར།    

 བཞི། བྱ་དགའ་སྤྲོད་ཐབས།    

 སྤྱི་དམངས་ཀྱིས་འོས་སྦྱོར་བྱས་པའི་འོས་མི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་ཅན་གྱི་འོས་མིའི་འདེམ་སྒུག་མི་སྣ་དག་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་བྱ་དགའ་བདམ་པའི་བྱེད་ཐབས་སྤྱད་དེ་འདེམ་སྒུག་འོས་མི་5ལ་བྱ་དགའ་སྒོར་600རེསྤྲོད་རྒྱུ། ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམ་པས་ཧུར་ཐག་གིས་འོས་སྦྱོར་དཔྱད་འདེམས་ནང་ཞུགས་ནས་ཁྱེད་ཀྱི་སེམས་ནང་གི་ཀུན་སྤྱོད་དཔེ་བཟང་ཅན་འདེམས་རྒྱུར་དགའ་བསུ་ཞུ་བ་ཡིན།

འབྲེལ་གཏུགས་མི་སྣ། ཀོན་ཆིས་ཀྲོང་། ཧུ་ཧྭོས། འབྲེལ་གཏུགས་ཁ་པར་ཨང་གྲངས། 0971--8482156(བརྙན་སྐྱེལ་བྱས་ཆོག)

ཡིག་ཟམ། qhswmb2074@163.com

ས་གནས། ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་ཨང་རྟགས་346པ། 

མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་ཅན་དཔྱད་འདེམས་བྱ་འགུལ་རྩ་འཛུགས་ཨུའི་གཞུང་ལས་ཁང་།

201ལོའི་ཟླ4པའི་ཚེས15ཉིན།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།