རྨ་ལྷོ་ཁུལ་གྱིས་མཁར་གྲོང་གི་ཁོར་ཡུག་གཙང་སྦྲར་བཅོས་སྐྱོང་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་བླངས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ལོ་གཅིག་གི་རིང་གྲུབ་འབྲས་མཐོང་བ་དང་།ལོ་གཉིས་ཀྱི་ནང་ཆུ་ཚད་ཇེ་མཐོར་འགྲོ་བ།ལོ་གསུམ་གྱི་རིང་ལེགས་བསྒྱུར་ཆེན་པོ་གཏོང་བ”བཅས་ཀྱི་གཞི་རྩའི་བླང་བྱ་བཏོན་ཞིང་། ལོ་ངོ་གཉིས་རིང་ལ་གཅིག་བསྡུས་ལེགས་བཅོས་བྱས་པ་བརྒྱུད་དེ། ཁུལ་ཡོངས་ཀྱི་མཁར་གྲོང་གི་ཁོར་ཡུག་གཙང་སྦྲར་བཅོས་སྐྱོང་བྱེད་པའི་ཐད་ལེགས་བསྒྱུར་ཆེན་པོ་བྱུང་ཞིང་། མཁར་གྲོང་གི་ཁོར་ཡུག་གཙང་སྦྲའི་དོ་དམ་ཆུ་ཚད་སྔར་ལས་ཇེ་མཐོར་སོང་།

གཅིག་བསྡུས་ལེགས་བཅོས་བྱ་འགུལ་སྤེལ་བ་ནས་བཟུང་། རྨ་ལྷོ་ཁུལ་གྱིས་མཁར་གྲོང་གི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་ལེགས་བཅོས་བྱེད་པའི་བྱ་བའི་བྱེད་ཐབས་དང་། བྱ་བའི་ཚད་གཞི། ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཐབས་ལམ་བཅས་བཏོན་པ་བརྒྱུད། ཏང་སྲིད་ཀྱིས་ཕྱོགས་ཡོངས་ནས་འཛིན་པ་དང་སྡེ་ཁག་གིས་ནུས་ཤུགས་གཅིག་སྒྲིལ་གྱིས་དཀའ་གནད་སྒྲོལ་བ། དམངས་ཡོངས་མཉམ་ཞུགས་བྱེད་པ། དུས་བཅད་ལྟར་གཙང་ཕྱགས་བྱེད་པའི་བྱ་བའི་འགན་འཁྲིའི་སྐུལ་འདེད་ནང་རྐྱེན་ཞིག་ཆགས་སུ་བཅུག་ནས། ཁུལ་ཡོངས་ཀྱི་མཁར་གྲོང་གི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བའི་བྱེད་སྒོ་སྤེལ་བར་འཛད་མཐའ་མེད་པའི་སྒུལ་ཤུགས་བཏོན།

གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་བྱེད་པའི་ལས་གཞི་སྐོར་ཞིག་བཙུགས་པ་དང་།རིགས་མི་འདྲ་བའི་སྤྱོད་ཁང8131ལས་ཤིང་།གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་བྱེད་པའི་ཚད་སོ་སོར 94% དང81.5%ལ་སླེབས་ཡོད། དེའི་ཁྲོད་དུ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་བདེ་བླག་ངང་ས་ཁུལ་ཡོངས་ཀྱི་གད་སྙིགས་མེད་པའི་དཔེ་སྟོན་རྫོང་དུ་བདམས་པ་དང་།རྩེ་ཁོག་རྫོང་གིས་འཚོ་བའི་གད་སྙིགས་ལ་དྲ་རྒྱ་ཅན་གྱི་དོ་དམ་བྱས་ཏེ་ཁོངས་ཡོངས་ཀྱི་གད་སྙིགས་མེད་པའི“རྩེ་ཁོག་གི་ཐབས་ལམ”ཞིག་བཏོན་ཞིང་། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་དཔེ་སྟོན་རྫོང་དུ་བདམས་ནས། མཁར་གྲོང་གི་མི་སྡོད་ཁོར་ཡུག་ཆ་རྐྱེན་བསྟུད་མར་ཇེ་ལེགས་སུ་བཏང་། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།