ཡུལ་ཤུལ་ཁུལ་གྱིས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་ཤུལ་ཁུལ་དེ་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་བོད་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་དུ་གཏན་འཁེལ་བྱས་པའི་ཚུན་ལ། ཡུལ་ཤུལ་བོད་རིགས་མང་ཚོགས་ཀྱིས་གསར་སྐྲུན་དང་རྒྱུན་འཛིན་བྱེད་པའི་དངོས་བོ་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི་ནང་དོན་ལ་དམིགས་ཏེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་མཐུད་དུ་སྲུང་སྐྱོབ་ས་ཁུལ་གྱི་འཛུགས་སྐྲུན་མྱུར་དུ་ལག་བསྟར་བྱས་པ་དང་། ཧུར་ཐག་སྒོས་བོད་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་དེ་མཐོ་སྒང་རིག་གནས་ཀྱི་མཚོན་བྱེད་རང་བཞིན་དང་ཁྱད་ཆོས་འབུར་ཐོན་ལྡན་པའི་ཚོད་ལྟ་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཡུལ་ཤུལ་གྱི་རིག་གནས་ནང་དོན་ཕུན་སུམ་ཚོགས་པར་བཏང་།

ཡུལ་ཤུལ་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་ཁྱབ་བཤེར་དང་ཞིབ་བཤེར་བྱས་ཏེ་ལས་གཞི་སྔོག་འདོན་དང་གདམ་གསེས་བྱས། མིག་སྔའི་བར་དུ་ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པ། རྫོང་རིམ་པ་བཅས་རིམ་པ་བཞི་ཡི་གཟུགས་འདས་ཤུལ་བཞག་རིག་གནས་མིང་བཀོད་ལས་གཞི་སུམ་བརྒྱ་དང་ཉེར་དགུ་ཡོད།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།