2019ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་དང་ནུབ་བྱང་ཡུལ་སྐོར་ཚོང་གཉེར་ཚོགས་ཆེན་གྱིས་མཐོ་སྒང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་དང་ནུབ་བྱང་ཡུལ་སྐོར་ཚོང་གཉེར་ཚོགས་ཆེན་གྱིས་མཐོ་སྒང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཚོགས་འདུ་བསྡུས། མིང་གྲགས་ཆེ་བའི་ཆེད་མཁས་པ་དང་ཤེས་ཡོན་ཅན། ཁེ་ལས་པ་བཞི་ཡིས་གཏམ་བཤད་པ་དང་མི་བརྒྱ་དང་ལྔ་བཅུ་ལྷག་གླེང་སྟེགས་ཚོགས་འདུར་ཞུགས།

ཐེངས་འདིའི་གླེང་སྟེགས་ཀྱིས་ལྗང་སྒྱུར་དང་མཉམ་བསྲེས། རོགས་ལས། འཕེལ་རྒྱས་བཅས་བརྗོད་དོན་གཙོ་བོ་བྱས་ཏེ་ཁུལ་ཁོངས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་ཐབས་ལམ་འཚོལ་བར་སྐུལ་འདེད་བཏང་། གླེང་སྟེགས་སྟེང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་དའེ་ཞོ་ཧྥིན་དང་ཧྭ་ཀྲུང་དགེ་ཐོན་སློབ་ཆེན་གྱི་ཆེད་ཞུས་དགེ་རྒན་ཆེན་མོ་ཧྥན་ཅན་ཧྭ། པེ་ཅིན་ཞང་ཁྲིན་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཧོང་ཞང་ཁྲིན། ཞིན་ཀྲི་འཚོལ་ཞིབ་མཚོ་སྔོན་ཀུང་ཟིའི་སྤྱི་ཁྱབ་ཅན་ལི་ཀྲང་ཞོ་ཧྲིན་བཅས་ཀྱིས་གཏམ་བཤད་གལ་ཆེན་གནང་བར་མ་ཟད། དུས་རབས་གསར་བའི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་མཐོང་རྒྱ་གསར་བ་དང་བསམ་ཕྱོགས་གསར་བ། བྱེད་ཐབས་གསར་བ་བཅས་འདོན་སྤྲོད་བྱས།

ཐེངས་འདིའི་གླེང་སྟེགས་ལ་ཡུན་ནན་དང་ཀོས་ཀྲིག སི་ཁྲོན། ཀོང་ཞི། ཧྲིན་ཞི། ཉིན་ཞ། ཀན་སུའུ། བོད་ལྗོངས། ནང་སོགས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅུ་གཅིག་གི་རིག་གནས་ཡུལ་སྐོར་ཐིན་དང་རང་ཞིང་གི་གྲོང་ཁྱེར་དང་ཁུལ་གྱི་རིག་གནས་ཡུལ་སྐོར་ཅུའུ། དེ་མིན་རིག་གནས་ཡུལ་སྐོར་ཁེ་ལས་ཁ་ཤས་ཀྱི་འབྲེལ་ཡོད་འགོ་ཁྲིད་པས་ཡིག་ཐོག་ནས་བསམ་བློ་བརྗེ་རེས་བྱས།

གླེང་སྟེགས་ཀྱི་སྐབས་སུ། ཞིང་ཆེན་གཞན་པའི་སྐུ་མགྲོན་རྣམས་གདན་དྲངས་པ་ལྟར་ཟི་ལིང་གྲོང་ཁྱེར་གྱི་ཧོང་ཀྲུང་རྫོང་དང་མཚོ་ཤར་གྲོང་ཁྱེར་གྱི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་སྟེ་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།