“རྒན་གཞོན་མཉམ་འབྲེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པའི”བྱ་འགུལ་སྐབས་ལྔ་བ་ཡུལ་ཤུལ་ཁུལ་ནས་སྤེལ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ལས་བྱེད་རྒན་པ་ཅུའུ་དང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ལ་མཉམ་འབྲེལ་བྱས་ཏེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས“རྒན་གཞོན་མཉམ་འབྲེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པའི་”བྱ་འགུལ་སྐབས་ལྔ་བ་དང་ཁོར་སྲུང་སྐོར་གྱི་འགུལ་རིས་འོད་སྡེར་འགྲེམ་གཏོང་བྱེད་པའི་བྱ་འགུལ་སྤེལ། ཞིང་ཆེན་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་དང་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཀྲའོ་ཆི་ཀྲུང་། ཀའོ་རུའོ་ཀྲུའོ་སོགས་མཛད་སྒོར་ཞུགས།

པད་མས་མཛད་སྒོའི་སྟེང“རྒན་གཞོན་མཉམ་འབྲེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པའི”བྱ་འགུལ་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི“ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བྱེད་དགོས་པའི”བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་།“དམིགས་བསལ་གཅིག་དང་མཐོ་བ་གཉིས” ཀྱི་འཐབ་ཇུས་བཀོད་སྒྲིག་གི་དངོས་ཡོད་ལག་ལེན་ལ་རམ་འདེགས་བྱེད་པ་དང་། དེ་མིན་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི“རྒན་པ་ལྔ”དང་ན་གཞོན་རྣམས་ལ་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་འགན་འཁྲི་ཤེས་སུ་འཇུག་པ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱུན་འཛིན་བྱེད་པའི་འབོད་སྐུལ་ཐེངས་ཤིག་རེད། ང་ཚོས་ཐེངས་འདིའི་བྱ་འགུལ་དང་འབྲེལ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི“རྒན་པ་ལྔ”དང་ན་གཞོན་རྣམས་རྩ་འཛུགས་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་བཤད།

བྱ་འགུལ་སྐབས་སུ། ཞིང་ཆེན་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་རྣམ་པས་ཡུལ་དངོས་སུ་ཕེབས་ནས་ཡུལ་ཤུལ་ཁོངས་གཏོགས་ཀྱི་སློབ་གྲྭའི་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བར་བརྟག་དཔྱད་བྱས་པ་མ་ཟད། བྱིས་པ་དབང་བོ་སྐྱོན་ཅན་དང་དྭ་ཕྲུག་ལ་འཚམས་འདྲི་བྱས་ཤིང་། ཁུལ་དྭ་ཕྲུག་སློབ་གྲྭ་དང་། ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས་ལ་སོ་སོར་སྒོར་ཁྲི5ཡི་ཞལ་འདེབས་ཕུལ།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།