མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་དྲིལ་སྒྲོག་དང་འོས་འགན་སྨན་བཅོས་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྟོང་སྐོར་རྫོང་ནས་འཛམ་གླིང་འཕྲོད་བསྟེན་ཉིན་མོའི་དྲིལ་སྒྲོག་དང་འོས་འགན་སྨན་བཅོས་བྱ་འགུལ་སྤེལ།

བྱ་འགུལ་གྱིས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་སྨན་ཁང་ལྔ་བ། ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ཆེད་དོན་སྨན་ཁང་། ཞིང་ཆེན་ནད་ཡམས་ཚོད་འགོག་ལྟེ་གནས། ཞིང་ཆེན་ས་གནས་ནད་རིགས་འགོག་བཅོས་ཁང་། ཞིང་ཆེན་བདེ་ཐང་སློབ་གསོ་ཐང་། ཞིང་ཆེན་མི་གྲངས་དྲིལ་སྒྲོག་སློབ་གསོ་ལྟེ་གནས་བཅས་ཞིང་ཆེན་རིམ་པའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ལས་ཁུངས་བདུན་རྩ་འཛུགས་བྱས་པ་མ་ཟད། སྟོང་སྐོར་རྫོང་འཕྲོད་བསྟེན་སྨན་བཅོས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། མཉམ་དུ་གཅིག་བསྡུས་དྲིལ་སྒྲོག་འོས་འགན་སྨན་བཅོས་བྱ་འགུལ་སྤེལ། བྱ་འགུལ་སྐབས་སུ་བསྡོམས་པས་དྲིལ་སྒྲོག་དངོས་རྫས་སྟོང་ལྔ་ལྷག་བྱིན་པ་དང་། མི་སྟོང་གཉིས་ལྷག་ལ་འོས་འགན་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།