རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་རྣམ་པ་སྤྱིའི་ཆ་ནས་བརྟན་འཇགས་དང་ཐོན་ཁུངས་འཛོམས་པོའི་ཕྱོགས་སུ་འཕེལ་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་གཉིས་ཀྱི་རིང་ལ་ལྟ་ཞིབ་ཚད་ལེན་དང་ས་ངོས་ནས་ཚད་ལེན་བྱས་པའི་གཞི་འཛིན་གྲངས་ཀ་ལས་གསལ་བ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་རྣམ་པ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ལ། སྤྱི་གླིང་ས་ངོས་ཀྱི་ཆུའི་ཐོན་འབབ་སྨི་གྲུ་བཞི་མ་ཐེར་འབུམ་དགུ་དང་དུང་ཕྱུར་དྲུག་བྱེ་བ་ལྔ་ས་ཡ་བཞི་ལ་སླེབས་ཡོད་པས་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ལེགས་ལམ་དུ་འཕེལ་བཞིན་ཡོད།

ལྟ་ཞིབ་ཚད་ལེན་གྲངས་ཀ་གཞིར་བཟུང་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བརླན་ས་དང་ཆུའི་སྐྱེ་ཁམས་མ་ལག་གིས་བཟོ་ལས་ར་བའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་ལྔ་གཅིག་ཟིན་ཡོད་པ་དང་། བརླན་སའི་རྒྱ་ཁྱོན་གྱིས་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་དགུ་གཅིག་ཟིན་ཡོད་ཅིང་། ཆུའི་སྐྱེ་ཁམས་མ་ལག་དང་བརླན་སས་སྐྱེ་ཁམས་མ་ལག་གི་རྣམ་པ་གཙོ་བོ་གྲུབ་པར་བྱས་ཡོད། བཟོ་ལས་ར་བའི་ནགས་ཚལ་དང་ཐང་རྒོད། བྱེ་ཐང་། མཁར་གྲོང་བཅས་ཀྱི་རྒྱ་ཁྱོན་གྱིས་སོ་སོར་བཟོ་ལས་ར་བའི་བརྒྱ་ཆའི་ཐིག་གྲངས་ཆུང་གཉིས་དང་ལྔ་གྲངས་ཆུང་བརྒྱད་དྲུག གཅིག་གྲངས་ཆུང་བཞི་བཞི། ཐིག་གྲངས་ཆུང་ཐིག་བརྒྱད་བཅས་ཟིན།

ལྟ་ཞིབ་ཚད་ལེན་བྱས་པ་ལས་བྱུང་བའི་མཇུག་འབྲས་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལོ་རེའི་ཆར་ཆུ་འབབ་ཚད་ཧོ་སྨི་བཞི་བརྒྱ་དང་གྲངས་ཆུང་དྲུག་ཡིན་པ་དང་། ས་ངོས་ཀྱི་ཆུའི་ཐོན་འབབ་སྨི་གྲུ་བཞི་མ་ཐེར་འབུམ་དགུ་དང་དུང་ཕྱུར་དྲུག་ལྷག་ལ་སླེབས་ནས། ཆུའི་སྤུས་ཚད་ཆེ་ཕྱོགས་ནས་ལེགས་ལམ་དུ་འཕེལ་བཞིན་ཡོད་ཅིང་། ས་ཁོངས་ནང་གནས་ཀྱི་མཁར་གྲོང་གཙོ་བོའི་ཁོར་ཡུག་སྔར་ལས་ཇེ་ལེགས་དང་མཁའ་དབུགས་སྔར་ལས་ཇེ་གཙང་དུ་ཕྱིན་ནས། སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་རྣམ་པ་བརྟན་འཇགས་ཅན་དུ་གྱུར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།