མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ནས་བདེ་ཐང་སློབ་གསོའི་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་མཛུབ་སྟོན་བྱས་པ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་གཞི་རྒྱ་ཆེ་བའི་འོས་འགན་སྨན་བཅོས་བྱ་འགུལ་ཁྲི་ཀ་རྫོང་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ནས་བསྡུས། 

ལོ་མང་པོའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག  ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ཐད་ནས་གྲུབ་འབྲས་ཆེན་པོ་བླངས། འཕྲོད་བསྟེན་བདེ་ཐང་བྱ་གཞག་བསྒྱུར་བཅོས་འཕེལ་རྒྱས་ཁྲོད། མི་རིགས་ཆོས་ལུགས་མི་སྣས་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། སྨན་བཅོས་བསྒྱུར་བཅོས་ལ་ཞུགས་པ་དང་སྲིད་ཇུས་དྲིལ་བསྒྲགས། བདེ་ཐང་ཤེས་བྱ་ཁྱབ་བསྒྲགས། བདེ་ཐང་གི་སྤྱོད་སྟངས་སྐུལ་སྤེལ་སོགས་རྒྱ་ཆེའི་མང་ཚོགས་དང་ནང་སྒོས་སུ་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་མང་ཚོགས་ལ་ཕན་ནུས་ཡོད་པའི་བྱ་བ་རབ་དང་རིམ་པ་སྤེལ། དེས་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་རང་ཉིད་ཀྱི་བདེ་ཐང་འགན་སྲུང་སོགས་ལ་ནུས་པ་ཆེན་པོ་ཐོན། ཐེངས་འདིའི་བདེ་ཐང་སློབ་གསོ་བརྗོད་དོན་ཡིན་པའི་བྱ་འགུལ་སྤེལ་བ་བརྒྱུད། བདེ་ཐང་ཞབས་ཞུ་དང་སྤུས་ལེགས་སྨན་བཅོས་ལག་རྩལ་མི་རིགས་ཆོས་ལུགས་མི་སྣ་ཚོར་བསྐྱལ་བ་དང་མི་རིགས་སོ་སོས་རང་ཉིད་ཀྱི་བདེ་ཐང་ལ་ཉམས་འཇོག་བྱེད་རྒྱུ་དང་བདེ་ཐང་གི་ཆུ་ཚད་མཐོར་འདེགས་བྱེད་པར་སྐུལ་འདེད་བྱས།

བྱ་འགུལ་ཡུལ་དངོས་སུ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་བདེ་ཐང་ཞབས་ཞུའི་སྨན་སྒམ་དང་འོད་སྡེར། བདེ་ཐང་དཔེ་ཆ་སོགས་ཞབས་འདེབས་སུ་ཕུལ། ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། ཞིང་ཆེན་མི་དམངས་སྨན་ཁང་བཞི་བ། ཞིང་ཆེན་བོད་སྨན་ཁང་སོགས་གསོ་རིག་ཆེད་མཁས་པ30དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྨན་པ་འབུམ་རམས་པ་བཅས་དངོས་སུ་ཕེབས་ནས། སློབ་མ་ཡོངས་ལ་བདེ་ཐང་ཞིབ་བཤེར་དང་རིན་མི་དགོས་པར་བརྟག་བཅོས་བྱེད་པ་སོགས་བྱ་འགུལ་སྤེལ་བ་དང་།  ཞིང་ཆེན་ནད་ཡམས་སྔོན་འགོག་ལྟེ་གནས་དང་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་སོགས་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱིས་དགེ་སློབ་ཡོངས་ལ་སྨན་བཅོས་བསྒྱུར་བཅོས་དང་བདེ་ཐང་དབུལ་སྐྱོར་ཀྱི་སྲིད་ཇུས་འདྲི་གཅོད། ས་གནས་རང་བཞིན་གྱི་ནད་ཡམས་སྔོན་འགོག་སོགས་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱས།  ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།