ཡུལ་ཤུལ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་བསྒྲུབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ཚུན་ལ། ཡུལ་ཤུལ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ལས་དོན་དཀྱིལ་སྙིང་དུ་བཟུང་ནས། དབུལ་ཐར་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་བཏང་བས། དབུལ་སྐྱོར་ལས་སྒོ་ཆེ་མ་ཆུང་གསུམ་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་བདུན་བཏང་བ་དང་། 2017ལོར་དབུལ་ཕོངས་མི་གྲངས་ཁྲི་དྲུག་དང་སྟོང་བདུན་བཞི་བརྒྱ་ཡོད་པ་ནས་དེང་སྐབས་དབུལ་ཕོངས་མི་གྲངས་ཁྲི་གཉིས་དང་སྟོང་དྲུག་བཞི་བརྒྱ་ཡོད་པས། དབུལ་ཕོངས་མི་གྲངས་མངོན་གསལ་དུ་ཇེ་ཉུང་དུ་སོང་ཡོད་ཅིང་། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་སྒོར་སྟོང་ལྔའི་ཡན་ལ་བུད་དེ། 2019ལོར་ཆེས་དབུལ་ཕོངས་ཀྱི་དམིགས་འབེན་རྩ་བ་ནས་བསྒྱུར་རྒྱུ་དང་། དུས་བཅད་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་བཏིངས་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།