རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་དར་ཆ་མཐོན་པོར་བསྒྲེངས་ཏེ་སྙན་ངག་དང་རྒྱང་རིང་གི་མཉམ་སྒྲོག་རོལ་མོ་དཀྲོལ་བ།

2018ལོའི་ཟླ11པའི་ཚེས29ཉིན་ནི་མཚོ་སྔོན་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལོ་རྒྱུས་སྟེང་གི་དུས་སྐབས་གལ་ཆེན་སྟེ་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐིང་བཙུགས་པའི་སྐལ་བཟང་གི་ཉིན་མོ་བསུས། “སྙན་ངག་དང་རྒྱང་རིང་གཅིག་ཏུ་འདྲེས”ཞེས་པའི་སྡེ་ཁག་གསར་པ་འདི་བཙུགས་པར། ཐམས་ཅད་ཀྱི་གཟེངས་བསྟོད་ཐོབ་ཅིང་། བྱེད་སྟངས་འདི་སེམས་པའི་གཏིང་རིམ་ནས་བདེ་སྐྱིད་ཀྱི་འཚོ་བར་རེ་སྒུག་གསར་པ་བཅངས་པའི་གནད་ཐོག་ཏུ་འཁེལ་ཞེས་སྒྲོག་བཞིན་ཡོད།

རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ཡིན་ཞིང་། ཡུལ་སྐོར་ནི་རིག་གནས་ཀྱི་ཐེག་བྱེད་ཡིན།

“དཔེ་ཆ་ཁྲི་ཕྲག་བཀླགས།ལེ་དབར་ཁྲི་ཕྲག་བསྐྱོད”ཅེས་པའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་ནས་བཟུང་སྟེ། “ལུས་ཕུང་དང་རྣམ་ཤེས་གཉིས་ཀྱི་གང་རུང་ཞིག་ནམ་ཡང་ལམ་དུ་ཆས་དགོས”པའི་དེང་རབས་ཀྱི་འཚོལ་སྙེག་བར། དེ་ནས་ད་ལྟའི“སྙན་ངག་དང་རྒྱང་རིང་མཐའ་མར་གཅིག་ཏུ་འདྲེས”པའི་མཛེས་སྡུག་ལྡན་པའི་རེ་སྨོན་སོགས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་གནས་འཛུགས་སྐྲུན་དང་ཡུལ་སྐོར་འཕེལ་རྒྱས་དང་འབྲེལ་བའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ་དང་བསྟུན་ནས། སྤྱི་ཚོགས་ལས་རིགས་ཁག་དང་ལས་རིགས་ཕྱི་ནང་ཀུན།དེ་མིན་རྒྱ་ཆེའི་མང་ཚོགས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་དོ་ཁུར་བྱེད་པའི་ཚད་ཇེ་མཐོ་ནས་ཇེ་མཐོ་རུ་སོང་།

ཆུ་རྒྱུག་པའི་ཤུལ་ལ་ཡུར་བ་ཆགས་པ་བཞིན་རིག་གནས་དང་ཡུལ་སྐོར་གཅིག་ཏུ་འདྲེས་པ།

རིག་གནས་དང་ཡུལ་སྐོར་གྱི་འབྲེལ་ཡོད་རང་བཞིན་ཆེ་ལ་སིམ་འཛུལ་རང་བཞིན་མཐོ་བས། རང་བྱུང་གི་ནང་རྐྱེན་འབྲེལ་བ་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན།

རང་ཞིང་དུ་རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་འཚོལ་ཞིབ་སྔ་མོ་ནས་ཡོད་ཅིང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པར་མཐོང་ཆེན་མཐོན་པོ་བྱས་པས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་བསུས་ཤིང་།ས་ཆ་སོ་སོ་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་འཕྱུར། གལ་ཆེའི་དུས་ཆེན་ལ་དུས་སྟོན་བྱེད་སྒོ་སྤེལ་བའི་མིང་ཐོག་ནས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་སོགས་ལ་དུས་སྟོན་བྱེད་སྒོ་སྤེལ་བ་ཇེ་རྒྱས་ཇེ་ཆེ་རུ་བཏང་བ་དང་། མཚོ་སྔོན་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱེད་པར་སྐུལ་འཁྲིད་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་རྫས་ལ་འགྲེམ་སྟོན་དང་འགྲེམ་སྤེལ། ཕྱིར་ཚོང་བཅས་ཀྱི་སྟེགས་བུ་འདོན་སྤྲོད་བྱས། ཡུལ་ཁོངས་ཅན་གྱི་རིག་གནས་ཡུལ་སྐོར་དུས་སྟོན་བྱེད་སྒོ་སྤེལ་བར་སྣེ་འཁྲིད་དང་། ས་ཆ་སོ་སོས་དུས་སྟོན་གྲགས་ཅན་གྱི་བྱེད་སྒོ་ལེགས་པོར་སྤེལ་བར་མཛུབ་སྟོན་བྱས་ཏེ། “ས་ཆ་གཅིག་ལ་ཚོང་རྟགས་གྲགས་ཅན་རེ་དང་། ས་ཆ་གཅིག་ལ་ཁྱད་ཆོས་རེ”ཞེས་པའི་རིག་གནས་ཡུལ་སྐོར་ཚོང་རྟགས་གྲགས་ཅན་འབྱུང་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བཏིང་།

ཉེ་བའི་ལོ་འགའི་རིང་ལ།འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་བྱེད་ཐབས་མང་པོ་ཞིག་བཏོན་ཏེ། “རིག་གནས+”དང“ ཡུལ་སྐོར+”སོགས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས། འབྲས་བུ་སྨིན་ན་ས་ལ་ལྷུང་བ་དང་ཆུ་རྒྱུག་པའི་ཤུལ་ལ་ཡུར་བ་ཆགས་པ་བཞིན་རིག་གནས་དང་ཡུལ་སྐོར“སྙན་ངག་དང་རྒྱང་རིང”གཅིག་ཏུ་འདྲེས།

ཀུན་གྱིས་ཤེས་གསལ་ལྟར། མཚོ་སྔོན་གྱི་ནམ་ཟླར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་རི་ཀླུང་ཡིད་དུ་འོང་ལ། དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པས་རིག་གནས་ཡུལ་སྐོར་ལ་དམིགས་བསལ་རང་བཞིན་དང་ཉག་གཅིག་རང་བཞིན། སྣ་མང་རང་བཞིན་ལྡན་པར་མ་ཟད། ད་དུང་གདོད་མའི་སྐྱེ་ཁམས་དང་ཡུལ་ཁོངས་རང་བཞིན། རྗེས་འབྱུང་རང་བཞིན་སོགས་མི་མངོན་པའི་ནུས་ཤུགས་ཆེན་པོ་ལྡན། ད་ལྟ་འཛམ་གླིང་རིམ་པའི་ཡུལ་སྐོར་ལྗོངས་ཁུལ11མཆིས་ཤིང་།རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ52ཡོད་པ་དང་། གསར་སྤེལ་མདུན་ལྗོངས་ཡོད་པའི་ཡུལ་སྐོར་ཐོན་ཁུངས400ལྷག་མཆིས། མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོར་བཀོད་པ6དང་།རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད་པ73ཡོད་ལ། ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད་པ253ཡོད། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ88དང་། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ209ཡོད། རེབ་གོང་རིག་གནས་དང་གེ་སར་རིག་གནས(མགོ་ལོག)།བོད་ཀྱི་རིག་གནས(ཡུལ་ཤུལ)སོགས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གསུམ་ཡོད་ཅིང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་གནས་སྲུང་སྐྱོབ་སྡེ་ཚན45དང་། ཞིང་ཆེན་རིམ་པའི་གཙོ་གནད་རིག་གནས་སྲུང་སྐྱོབ་སྡེ་ཚན415ཡོད།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་དར་གོས་ཚོང་ལམ་དཔལ་འབྱོར་དར་ཁུལ་འཛུགས་སྐྲུན་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ། རིག་གནས་ཡུལ་སྐོར་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་དམ་པོར་སྦྲེལ་ནས།“གནས་གཅིག་གཏན་འཁེལ་དང་ཁ་ཕྱོགས་གཉིས། ལྔ་གསུམ་བཀོད་པ། འབྲེལ་ཆེན་བཅུ་གཅིག”གི་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་པས། རིག་གནས་ཡུལ་སྐོར་ལས་རིགས་དེ་ཞིང་ཆེན་ཡོངས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྣེ་འདྲེན་ཐོན་ལས་དང་ཡོང་སྒོ་འཕར་ཞིང་དམངས་ཕྱུག་གི་བྱ་གཞག་ལེགས་པོ་ཞིག་ཏུ་གྱུར།

སྔར་བས་སྙན་ངག་གི་བྲོ་བ་ལྡན་པའི་རྒྱང་རིང་དུ་བསྐྱོད།

ཟླ་དང་པོའི་ཚེས22ཉིན། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གཉིས་ཀྱིས་མཉམ་དུ་ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་གྲོས་འཆམ་མིང་རྟགས་བཀོད། དེ་ནི་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་གི་སྒོ་བྱང་བཀལ་རྗེས། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་ཡོང་བར་སྐུལ་སྤེལ་བྱ་ཆེད་བཞག་པའི་མཉམ་བསྐྲུན་གྲོས་འཆམ་ཐོག་མ་ཡིན། དེ་ལས་རང་ཞིང་གི་རིག་གནས་དང་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་ཡོང་བ་ཐོག་མར་མཚོ་ཤར་གྲོང་ཁྱེར་ནས་མགོ་ཚུགས་པ་མཚོན་པ་དང་། མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ཀྱང་བཀླགས་མགོ་བརྩམས་པ་རེད།

2019ལོར། རང་ཞིང་གིས་ཏང་ཀྲུང་དབྱང་གི་རིག་གནས་བྱ་བའི་སྲིད་ཇུས་བྱེད་ཕྱོགས་སྔར་བས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་བྱ་བའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་དང་ལེགས་བཟོ་བྱེད་པ། རིག་གནས་བྱ་བཞག་དང་རིག་གནས་ཐོན་ལས། ཡུལ་སྐོར་ལས་རིགས་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རིག་གནས་དམངས་ཕན་བཟོ་འགོད་གཏིང་ཟབ་ཏུ་ལག་བསྟར་བྱེད་པ། རིག་གནས་ཐོན་ཁུངས་ཁྱབ་བཤེར་དང་སྔོག་འདོན། སྲུང་སྐྱོབ་བཅས་ཀྱི་བྱ་བ་ལག་བསྟར་བྱེད་དུ་འཇུག་པ། རིག་གནས་ཚོང་ཁྲོམ་གྱི་སྒྲིག་ལམ་ནང་དུ་འདུས་པའི་ཡུལ་སྐོར་ཚོང་ཁྲོམ་སྣ་ཚོགས་ལ་སྲུང་སྐྱོབ་བྱེད་པ། ཕྱི་ཕྱོགས་ལ་རིག་གནས་བརྗེ་རེས་བྱེད་པར་ཤུགས་སྣོན་པ་བཅས་བྱེད་རྒྱུ་རེད།

རང་ཞིང་གིས་རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་བསམ་བློ་བརྟན་པོར་བཅངས་ནས། རིག་གནས་མིང་གྲགས་ཞིང་ཆེན་དང་ཡུལ་སྐོར་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་དམ་པོར་སྦྲེལ་བ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་རྒྱུན་སྐྱོང་བྱེད་པ། སྒྲིག་སྲོལ་དང་ནང་རྐྱེན་བཅོས་བསྒྱུར་གཏིང་ཟབ་ཏུ་བྱེད་པ། རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བྱེད་པ། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་བཅོས་བསྒྱུར་གསར་སྐྲུན་ཁུལ་བསྐྲུན་རྒྱུ་རེད།“ཡུལ་སྐོར+”དང“ཤུལ་བཞག+”བྱ་བར་སྐུལ་འདེེད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱུ་རྐྱེན་གཙོ་བོ་ལེགས་སྒྱུར་དང་ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་རྒྱུ་རེད། ཞིང་ཆེན་ཡོངས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རིག་རྩལ་རྟ་དམག་ཚོགས་པ100འཛུགས་པ་དང་།ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི100ལ་མིང་བཏགས་ནས། གཟུགས་འདས་ཤུལ་བཞག་རྒྱུན་འཛིན་དང་སྦྱོང་བརྡར་ལྟེ་གནས100ལ་རོགས་བྱས་ཏེ་རྒྱ་ཆེར་གཏོང་རྒྱུ།ཞིང་ཆེན་གྱི་ཅང་ཧི་རིག་གནས་བཤམས་སྟོན་ཁང་དང་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གཉིས་ཀྱི་རིམ་སྤར་བསྒྱུར་བཅོས་དང་། རིག་གནས་དམངས་ཕན་བྱང་བུ་སོགས་ལས་གཞི་གཙོ་བོ་དག་གི་སྟབས་གོན་བྱ་བ་སྣ་ཚོགས་ལ་ནན་གྱིས་སྐུལ་འདེད་གཏོང་རྒྱུ།“སྤྱོད་ཁང་གསར་བརྗེ”ལ་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་སྒོར་ཁྲི4775བཀོལ་ཏེ་སྤྱོད་ཁང180ལྷག་ལས་རྒྱུ། 2019ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་རྒྱུ། སྲོལ་རྒྱུན་དུས་ཆེན་དང“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”སོགས་ཀྱི་སྟེགས་བུ་དང་ཟུང་འབྲེལ་བྱས་ཏེ། བརྗོད་དོན་ཁྱབ་སྤེལ་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ལྗོངས་ཁུལ་དང་སློབ་ར། སྡེ་ཁུལ་བཅས་སུ་བསྐྱོད་པར་སྐུལ་འདེད་བྱེད་པ་བཅས་བྱེད་རྒྱུ་དང་། མན་ཀུའུ་ཡི་ཀྲུང་གོ་རིག་གནས་ལྟེ་གནས་དང་མཉམ་དུ“པུའུ་ཞིང་མཉམ་ལས”ཀྱི་ལས་གཞི་སྤེལ་ནས། ཕྱི་ཕྱོགས་དང་ཀང་ཨའོ་ཡི་མཉམ་ལས་བརྗེ་རེས་དང་འགྲེམ་སྟོན་ནང་ཞུགས་པ་སོགས་ཀྱི་འབྲེལ་ཡོད་བྱ་བ་རྩ་འཛུགས་བྱེད་རྒྱུ་རེད།  །

རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་དར་ཆ་མཐོན་པོར་བསྒྲེངས་ཏེ་སྙན་ངག་དང་རྒྱང་རིང་གི་མཉམ་སྒྲོག་རོལ་མོ་དཀྲོལ་བ།

2018ལོའི་ཟླ11པའི་ཚེས29ཉིན་ནི་མཚོ་སྔོན་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལོ་རྒྱུས་སྟེང་གི་དུས་སྐབས་གལ་ཆེན་སྟེ་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐིང་བཙུགས་པའི་སྐལ་བཟང་གི་ཉིན་མོ་བསུས། “སྙན་ངག་དང་རྒྱང་རིང་གཅིག་ཏུ་འདྲེས”ཞེས་པའི་སྡེ་ཁག་གསར་པ་འདི་བཙུགས་པར། ཐམས་ཅད་ཀྱི་གཟེངས་བསྟོད་ཐོབ་ཅིང་། བྱེད་སྟངས་འདི་སེམས་པའི་གཏིང་རིམ་ནས་བདེ་སྐྱིད་ཀྱི་འཚོ་བར་རེ་སྒུག་གསར་པ་བཅངས་པའི་གནད་ཐོག་ཏུ་འཁེལ་ཞེས་སྒྲོག་བཞིན་ཡོད།

རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ཡིན་ཞིང་། ཡུལ་སྐོར་ནི་རིག་གནས་ཀྱི་ཐེག་བྱེད་ཡིན།

“དཔེ་ཆ་ཁྲི་ཕྲག་བཀླགས།ལེ་དབར་ཁྲི་ཕྲག་བསྐྱོད”ཅེས་པའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་ནས་བཟུང་སྟེ། “ལུས་ཕུང་དང་རྣམ་ཤེས་གཉིས་ཀྱི་གང་རུང་ཞིག་ནམ་ཡང་ལམ་དུ་ཆས་དགོས”པའི་དེང་རབས་ཀྱི་འཚོལ་སྙེག་བར། དེ་ནས་ད་ལྟའི“སྙན་ངག་དང་རྒྱང་རིང་མཐའ་མར་གཅིག་ཏུ་འདྲེས”པའི་མཛེས་སྡུག་ལྡན་པའི་རེ་སྨོན་སོགས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་གནས་འཛུགས་སྐྲུན་དང་ཡུལ་སྐོར་འཕེལ་རྒྱས་དང་འབྲེལ་བའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ་དང་བསྟུན་ནས། སྤྱི་ཚོགས་ལས་རིགས་ཁག་དང་ལས་རིགས་ཕྱི་ནང་ཀུན།དེ་མིན་རྒྱ་ཆེའི་མང་ཚོགས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་དོ་ཁུར་བྱེད་པའི་ཚད་ཇེ་མཐོ་ནས་ཇེ་མཐོ་རུ་སོང་།

ཆུ་རྒྱུག་པའི་ཤུལ་ལ་ཡུར་བ་ཆགས་པ་བཞིན་རིག་གནས་དང་ཡུལ་སྐོར་གཅིག་ཏུ་འདྲེས་པ།

རིག་གནས་དང་ཡུལ་སྐོར་གྱི་འབྲེལ་ཡོད་རང་བཞིན་ཆེ་ལ་སིམ་འཛུལ་རང་བཞིན་མཐོ་བས། རང་བྱུང་གི་ནང་རྐྱེན་འབྲེལ་བ་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན།

རང་ཞིང་དུ་རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་འཚོལ་ཞིབ་སྔ་མོ་ནས་ཡོད་ཅིང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པར་མཐོང་ཆེན་མཐོན་པོ་བྱས་པས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་བསུས་ཤིང་།ས་ཆ་སོ་སོ་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་འཕྱུར། གལ་ཆེའི་དུས་ཆེན་ལ་དུས་སྟོན་བྱེད་སྒོ་སྤེལ་བའི་མིང་ཐོག་ནས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་སོགས་ལ་དུས་སྟོན་བྱེད་སྒོ་སྤེལ་བ་ཇེ་རྒྱས་ཇེ་ཆེ་རུ་བཏང་བ་དང་། མཚོ་སྔོན་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱེད་པར་སྐུལ་འཁྲིད་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་རྫས་ལ་འགྲེམ་སྟོན་དང་འགྲེམ་སྤེལ། ཕྱིར་ཚོང་བཅས་ཀྱི་སྟེགས་བུ་འདོན་སྤྲོད་བྱས། ཡུལ་ཁོངས་ཅན་གྱི་རིག་གནས་ཡུལ་སྐོར་དུས་སྟོན་བྱེད་སྒོ་སྤེལ་བར་སྣེ་འཁྲིད་དང་། ས་ཆ་སོ་སོས་དུས་སྟོན་གྲགས་ཅན་གྱི་བྱེད་སྒོ་ལེགས་པོར་སྤེལ་བར་མཛུབ་སྟོན་བྱས་ཏེ། “ས་ཆ་གཅིག་ལ་ཚོང་རྟགས་གྲགས་ཅན་རེ་དང་། ས་ཆ་གཅིག་ལ་ཁྱད་ཆོས་རེ”ཞེས་པའི་རིག་གནས་ཡུལ་སྐོར་ཚོང་རྟགས་གྲགས་ཅན་འབྱུང་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བཏིང་།

ཉེ་བའི་ལོ་འགའི་རིང་ལ།འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་བྱེད་ཐབས་མང་པོ་ཞིག་བཏོན་ཏེ། “རིག་གནས+”དང“ ཡུལ་སྐོར+”སོགས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས། འབྲས་བུ་སྨིན་ན་ས་ལ་ལྷུང་བ་དང་ཆུ་རྒྱུག་པའི་ཤུལ་ལ་ཡུར་བ་ཆགས་པ་བཞིན་རིག་གནས་དང་ཡུལ་སྐོར“སྙན་ངག་དང་རྒྱང་རིང”གཅིག་ཏུ་འདྲེས།

ཀུན་གྱིས་ཤེས་གསལ་ལྟར། མཚོ་སྔོན་གྱི་ནམ་ཟླར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་རི་ཀླུང་ཡིད་དུ་འོང་ལ། དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པས་རིག་གནས་ཡུལ་སྐོར་ལ་དམིགས་བསལ་རང་བཞིན་དང་ཉག་གཅིག་རང་བཞིན། སྣ་མང་རང་བཞིན་ལྡན་པར་མ་ཟད། ད་དུང་གདོད་མའི་སྐྱེ་ཁམས་དང་ཡུལ་ཁོངས་རང་བཞིན། རྗེས་འབྱུང་རང་བཞིན་སོགས་མི་མངོན་པའི་ནུས་ཤུགས་ཆེན་པོ་ལྡན། ད་ལྟ་འཛམ་གླིང་རིམ་པའི་ཡུལ་སྐོར་ལྗོངས་ཁུལ11མཆིས་ཤིང་།རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ52ཡོད་པ་དང་། གསར་སྤེལ་མདུན་ལྗོངས་ཡོད་པའི་ཡུལ་སྐོར་ཐོན་ཁུངས400ལྷག་མཆིས། མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོར་བཀོད་པ6དང་།རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད་པ73ཡོད་ལ། ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད་པ253ཡོད། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ88དང་། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ209ཡོད། རེབ་གོང་རིག་གནས་དང་གེ་སར་རིག་གནས(མགོ་ལོག)།བོད་ཀྱི་རིག་གནས(ཡུལ་ཤུལ)སོགས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གསུམ་ཡོད་ཅིང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་གནས་སྲུང་སྐྱོབ་སྡེ་ཚན45དང་། ཞིང་ཆེན་རིམ་པའི་གཙོ་གནད་རིག་གནས་སྲུང་སྐྱོབ་སྡེ་ཚན415ཡོད།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་དར་གོས་ཚོང་ལམ་དཔལ་འབྱོར་དར་ཁུལ་འཛུགས་སྐྲུན་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ། རིག་གནས་ཡུལ་སྐོར་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་དམ་པོར་སྦྲེལ་ནས།“གནས་གཅིག་གཏན་འཁེལ་དང་ཁ་ཕྱོགས་གཉིས། ལྔ་གསུམ་བཀོད་པ། འབྲེལ་ཆེན་བཅུ་གཅིག”གི་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་པས། རིག་གནས་ཡུལ་སྐོར་ལས་རིགས་དེ་ཞིང་ཆེན་ཡོངས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྣེ་འདྲེན་ཐོན་ལས་དང་ཡོང་སྒོ་འཕར་ཞིང་དམངས་ཕྱུག་གི་བྱ་གཞག་ལེགས་པོ་ཞིག་ཏུ་གྱུར།

སྔར་བས་སྙན་ངག་གི་བྲོ་བ་ལྡན་པའི་རྒྱང་རིང་དུ་བསྐྱོད།

ཟླ་དང་པོའི་ཚེས22ཉིན། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གཉིས་ཀྱིས་མཉམ་དུ་ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་གྲོས་འཆམ་མིང་རྟགས་བཀོད། དེ་ནི་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་གི་སྒོ་བྱང་བཀལ་རྗེས། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་ཡོང་བར་སྐུལ་སྤེལ་བྱ་ཆེད་བཞག་པའི་མཉམ་བསྐྲུན་གྲོས་འཆམ་ཐོག་མ་ཡིན། དེ་ལས་རང་ཞིང་གི་རིག་གནས་དང་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་ཡོང་བ་ཐོག་མར་མཚོ་ཤར་གྲོང་ཁྱེར་ནས་མགོ་ཚུགས་པ་མཚོན་པ་དང་། མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ཀྱང་བཀླགས་མགོ་བརྩམས་པ་རེད།

2019ལོར། རང་ཞིང་གིས་ཏང་ཀྲུང་དབྱང་གི་རིག་གནས་བྱ་བའི་སྲིད་ཇུས་བྱེད་ཕྱོགས་སྔར་བས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་བྱ་བའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་དང་ལེགས་བཟོ་བྱེད་པ། རིག་གནས་བྱ་བཞག་དང་རིག་གནས་ཐོན་ལས། ཡུལ་སྐོར་ལས་རིགས་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རིག་གནས་དམངས་ཕན་བཟོ་འགོད་གཏིང་ཟབ་ཏུ་ལག་བསྟར་བྱེད་པ། རིག་གནས་ཐོན་ཁུངས་ཁྱབ་བཤེར་དང་སྔོག་འདོན། སྲུང་སྐྱོབ་བཅས་ཀྱི་བྱ་བ་ལག་བསྟར་བྱེད་དུ་འཇུག་པ། རིག་གནས་ཚོང་ཁྲོམ་གྱི་སྒྲིག་ལམ་ནང་དུ་འདུས་པའི་ཡུལ་སྐོར་ཚོང་ཁྲོམ་སྣ་ཚོགས་ལ་སྲུང་སྐྱོབ་བྱེད་པ། ཕྱི་ཕྱོགས་ལ་རིག་གནས་བརྗེ་རེས་བྱེད་པར་ཤུགས་སྣོན་པ་བཅས་བྱེད་རྒྱུ་རེད།

རང་ཞིང་གིས་རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་བསམ་བློ་བརྟན་པོར་བཅངས་ནས། རིག་གནས་མིང་གྲགས་ཞིང་ཆེན་དང་ཡུལ་སྐོར་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་དམ་པོར་སྦྲེལ་བ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་རྒྱུན་སྐྱོང་བྱེད་པ། སྒྲིག་སྲོལ་དང་ནང་རྐྱེན་བཅོས་བསྒྱུར་གཏིང་ཟབ་ཏུ་བྱེད་པ། རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བྱེད་པ། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་བཅོས་བསྒྱུར་གསར་སྐྲུན་ཁུལ་བསྐྲུན་རྒྱུ་རེད།“ཡུལ་སྐོར+”དང“ཤུལ་བཞག+”བྱ་བར་སྐུལ་འདེེད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱུ་རྐྱེན་གཙོ་བོ་ལེགས་སྒྱུར་དང་ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་རྒྱུ་རེད། ཞིང་ཆེན་ཡོངས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རིག་རྩལ་རྟ་དམག་ཚོགས་པ100འཛུགས་པ་དང་།ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི100ལ་མིང་བཏགས་ནས། གཟུགས་འདས་ཤུལ་བཞག་རྒྱུན་འཛིན་དང་སྦྱོང་བརྡར་ལྟེ་གནས100ལ་རོགས་བྱས་ཏེ་རྒྱ་ཆེར་གཏོང་རྒྱུ།ཞིང་ཆེན་གྱི་ཅང་ཧི་རིག་གནས་བཤམས་སྟོན་ཁང་དང་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གཉིས་ཀྱི་རིམ་སྤར་བསྒྱུར་བཅོས་དང་། རིག་གནས་དམངས་ཕན་བྱང་བུ་སོགས་ལས་གཞི་གཙོ་བོ་དག་གི་སྟབས་གོན་བྱ་བ་སྣ་ཚོགས་ལ་ནན་གྱིས་སྐུལ་འདེད་གཏོང་རྒྱུ།“སྤྱོད་ཁང་གསར་བརྗེ”ལ་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་སྒོར་ཁྲི4775བཀོལ་ཏེ་སྤྱོད་ཁང180ལྷག་ལས་རྒྱུ། 2019ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་རྒྱུ། སྲོལ་རྒྱུན་དུས་ཆེན་དང“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”སོགས་ཀྱི་སྟེགས་བུ་དང་ཟུང་འབྲེལ་བྱས་ཏེ། བརྗོད་དོན་ཁྱབ་སྤེལ་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ལྗོངས་ཁུལ་དང་སློབ་ར། སྡེ་ཁུལ་བཅས་སུ་བསྐྱོད་པར་སྐུལ་འདེད་བྱེད་པ་བཅས་བྱེད་རྒྱུ་དང་། མན་ཀུའུ་ཡི་ཀྲུང་གོ་རིག་གནས་ལྟེ་གནས་དང་མཉམ་དུ“པུའུ་ཞིང་མཉམ་ལས”ཀྱི་ལས་གཞི་སྤེལ་ནས། ཕྱི་ཕྱོགས་དང་ཀང་ཨའོ་ཡི་མཉམ་ལས་བརྗེ་རེས་དང་འགྲེམ་སྟོན་ནང་ཞུགས་པ་སོགས་ཀྱི་འབྲེལ་ཡོད་བྱ་བ་རྩ་འཛུགས་བྱེད་རྒྱུ་རེད།

......

ང་ཚོས་མཉམ་དུ་རེ་སྒུག་བྱེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།