མཚོ་ནུབ་ཁུལ་གྱིས་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་ཡོངས་སུ་ཁེབས་པ་བཞི་མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅོ་བརྒྱད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་ཐག་སྒོས་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་དྲ་རྒྱ་འཛུགས་པ་དང་བཅའ་ཁྲིམས་རོགས་སྐྱོར་གྱིས་དམངས་ལ་སྟབས་བདེ་དང་ཁེ་ཕན་སྐྲུན་པ། བཅའ་ཁྲིམས་ཞབས་ཕྱིའི་སྤུས་ཚད་མཐོ་ཞིང་ཁྱབ་རྒྱ་ཆེ་བའི་ཁྲིམས་སྐྱོང་དམངས་ཕན་བཟོ་སྐྲུན་ལག་བསྟར་བྱས་ཏེ། སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་བཙུགས་པ་དང་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་ཡོངས་སུ་ཁེབས་པ་བཞི་མངོན་འགྱུར་བྱས་ནས། མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཕྱིའི་ཐོབ་ཚོར་སྔར་ལས་ཇེ་ཆེར་སོང་།

བྱ་བ་སྒྲུབ་སྐབས། མཚོ་ནུབ་ཁུལ་གྱིས་མཚོ་ནུབ་ཁུལ་གྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་ཏེ། ཁུལ་དང་རྫོང་དང་གྲོང་ཁྱེར། ཞང་དང་གྲོང་བརྡལ། སྡེ་བ་དང་ཧྲེ་བཅས་རིམ་པ་བཞིའི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱི་སྟེགས་བུ་འཛུགས་སྐྲུན་བཟོ་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱས། མིག་སྔར་ཁུལ་དང་རྫོང་། ཞང་། སྡེ་བ་བཅའ་རིམ་པ་བཞིའི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་ སྟེགས་བུ་འཛུགས་སྐྲུན་བྱེད་རྒྱུ་ཡོངས་འགྲུབ་བྱས་ཏེ། ད་ལྟ་ཁུལ་དང་རྫོང་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་ལྟེ་གནས་དགུ་ཡོད་པ་དང་ཞང་དང་གྲོང་བརྡལ་སྲང་ལམ་དུ་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་བྱ་བའི་ས་ཚིགས་བཞི་བཅུ་ཡོད་ལ། སྡེ་བ་རིམ་པའི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱི་སྒྲུབ་ས་སུམ་བརྒྱ་དང་གཉིས་ཡོད་པས། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ལ་བཅའ་ཁྲིམས་ཞབས་ཕྱི་འདོན་སྤྲོད་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།