ན་ནིང་མཚོ་ལྷོ་ཁུལ་གྱིས་རྒྱལ་ཁོངས་ལྗང་སྒྱུར་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅོ་བརྒྱད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་གོ་སྐབས་སུ་བཟུང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་བསྟར་བྱས་བས། ཁུལ་ཡོངས་ཀྱི་ནགས་ལས་བྱ་བའི་ཐད་ནས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད།

བྱ་བ་སྒྲུབ་སྐབས། མཚོ་ལྷོ་ཁུལ་གྱིས་ཁུལ་དང་རྫོང་། ཞང་བཅས་ཀྱི་ཏང་སྲིད་འགོ་ཁྲིད་པས་གཙོ་འགན་འཁུར་བའི་རྒྱལ་ཁོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་བཙུགས་ཏེ་རྒྱལ་ཁོངས་ལྗང་སྒྱུར་ཁྲོད་དུ་གནས་པའི་གནད་དོན་གལ་ཆེན་ལ་དུས་ཐོག་ཏུ་ཞིབ་འཇུག་དང་མཐུན་སྦྱོར། ཐག་གཅོད་བཅས་བྱས། འགུལ་སྐྱོད་འཆར་གཞི་དང་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་པ་དང་ཡུན་རིང་གི་དམིགས་འབེན་གཏན་འཁེལ་བྱས་པ། ལོ་ཧྲིལ་བོའི་ལས་འགན་གཏན་འཁེལ་གསལ་བོ་བྱས་པ་བརྒྱུད་དེ་དམིགས་འབེན་དང་ལས་འགན་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱས། མཚོ་ལྷོ་ཁུལ་གྱིས་ད་དུང་ལྟ་ཞིབ་ཚན་ཁག་གསུམ་བཙུགས་ཏེ་རྫོང་སོ་སོར་སོང་སྟེ་ནགས་སྐྲུན་ལྟ་ཞིབ་བྱ་བ་སྒྲུབ་ནས་ནགས་སྐྲུན་སྤུས་ཚད་ཁག་ཐེག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།