དབྱིན་པའེ་ཡིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར།     ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ་མཚོ་ནུབ་ཁུལ་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས།   རྟོག་ཞིབ་བྱེད་སྐབས།   དབྱིན་པའེ་གཞི་རིམ་སྲིད་ཁྲིམས་སྡེ་ཁག་དང་འགལ་བ་ཞིབ་བཤེར་ཐག་གཅོད་ལྟེ་གནས།  མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གྲྭ་སོགས་སུ་སོང་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་དྲ་རྒྱ་ཅན་གྱི་ཞབས་ཞུའི་དོ་དམ།  བདེ་འཇགས་སློབ་གྲྭ་དང་སྲིད་ཁྲིམས་ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་བྱ་བ་སྤེལ་བའི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་།   ཁུལ་དང་གྲོང་ཁྱེར་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་སྲིད་ཁྲིམས་སྡེ་ཁག་གི་འགན་ཁུར་མི་སྣ་དང་བཞུགས་མོལ་བརྗེ་རེས་བྱས།

དབྱིན་པའེ་ཡིས་བསྟན་དོན།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས་སྲིད་ཁྲིམས་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཆབ་སྲིད་སྒྲིག་ལུགས་ནན་སྲུང་བྱེད་པ།  ཆབ་སྲིད་ཁག་ཁུར་ནུས་པ་ཇེ་དྲག་ཏུ་གཏོང་བ།   རང་འགུལ་གྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་སྲུང་སྐྱོབ་གཉིས་ལག་བསྟར་བཟང་བོ་བྱེད་པ་བཅས་བྱས་ཏེ་བློ་དཀར་གཞུང་དྲང་གི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས།   རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།  གནད་འགག་དུས་རིམ་གཅིག་བསྡུས་བྱས་ཏེ་གནས་ཡུལ་གཙོ་བོ་དོ་དམ་ཚོད་འཛིན་དང་ལྕགས་ལམ་སྲུང་སྐྱོབ་སོགས་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་།   གནད་ཕིགས་ཤུགས་འདོན་དང་ཚད་མཐའ་དམ་སྲུང་བྱེད་དགོས།    དེང་རབས་ཚན་རྩལ་བཀོལ་སྤྱོད་དང་མང་ཚོགས་ལམ་ཕྱོགས་ཟུང་འབྲེལ་བྱས་ཏེ་ཆ་འཕྲིན་ཅན་འཛུགས་སྐྲུན་དམ་འཛིན་དང་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།   སྤྱི་ཚོགས་བཅོས་སྐྱོང་གི་གཞི་རིམ་རྨང་གཞི་སྲ་བརྟན་དུ་བཏང་སྟེ་སྤྱི་ཚོགས་རྒྱུན་མཐུད་ངང་འཆམ་མཐུན་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས་ཟེར།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།