མཐུན་སྒྲིལ་ལག་གདང་སྦྲེལ་ནས་འཆམ་མཐུན་གྱི་ལམ་བུར་ཧུར་གྱིས་བསྐྱོད།

1536899689580067.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་དྲུག་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཟེངས་བསྟོད་ཚོགས་འདུ་སྐབས་ལྔ་བ་རྨ་ལྷོ་ཁུལ་དུ་བསྡུས་པ་དང་། ཐེངས་འདིའི་ཚོགས་འདུ་སྟེང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་ཆུ་ཁོག་ཤང་ཏང་ཨུའི་ཧྲུའུ་ཅི་དང་རྩེ་ཁོག་རྫོང་ཧོར་ཤང་ཧོར་སྡེ་བའི་ཏང་ཀྲི་པུའུ་ལ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་སྡེ་ཁག་དང་མི་སྒེར་གྱི་གཟེངས་རྟགས་གནང་ལ།  ངེད་ཀྲུང་གོ་བོད་ཀྱི་དྲ་བ་བོད་ཡུལ་དུ་བསྐྱོད་པའི་གསར་འགོད་ཚན་ཆུང་རྨ་ལྷོ་ཁུལ་དུ་སོང་ནས་ཐུན་རིན་རྫོང་ཆུ་ཁོག་ཤང་གི་ཏང་ཨུའི་ཧྲུའུ་ཅི་ཕིན་ཡུང་ཉིན་དང་རྩེ་ཁོག་རྫོང་ཧོར་ཤང་ཧོར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གུ་རུ་རྡོ་རྗེ་རྣམ་གཉིས་ལ་བཅར་འདྲི་བྱས།

རྒྱུས་ལོན་བྱས་པ་ལྟར་ན།  ཉེ་བའི་ལོ་འདི་འགའི་རིང་། རྨ་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་འོག བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་དགོངས་དོན་ལྟར། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་དང། རིགས་སོ་སོའི་མི་དམངས་ཀྱི་འབད་བརྩོན་ལ་བརྟེན་ནས་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། རང་སྐྱོང་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས་སོགས་ཀྱི་ཐད་ལ་ནུས་པ་མི་དམན་པ་འདོན་བཞིན་ཡོད།

༡.jpg

ཐུན་རིན་རྫོང་ཆུ་ཁོག་ཤང་གི་ཏང་ཨུའི་ཧྲུའུ་ཅི་ཕིན་ཡུང་ཉིན།

༢.jpg

རྩེ་ཁོག་རྫོང་ཧོར་ཤང་ཧོར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གུ་རུ་རྡོ་རྗེ།

ཁོ་གཉིས་ཀྱིས་བཤད་རྒྱུར། མ་འོངས་པར་ང་ཚོ་སུ་ཡིན་རུང་རང་ས་ནས་ཏང་གི་ཡང་དག་པའི་སྲིད་ཇུས་འོག་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་ཐད་ལ་ཤུགས་བསྣན་ནས་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུར་ཁག་ཐེག་གང་ལེགས་བྱ་རྒྱུ་ཡིན་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ་པ་འདི་སྒུལ་ཤུགས་སུ་བཟུང་ནས་རང་རྟོགས་སྒོས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་དང་། རང་ཉིད་ཀྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་གི་ཐད་ལ་བྱས་རྗེས་འཇོག་ཕོད་པའི་གདོང་ལེན་པ་ཞིག་བྱེད་པར་ཧུར་བརྩོན་བྱ་རྒྱུ་ཡིན་པ་མ་ཟད། སྤྱི་ཚོགས་འཆམ་མཐུན་ཡིན་པའི་རྨ་ལྷོ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་གདོན་རྒྱུ་དང། དེ་མིན་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཕྱོགས་དོན་འཁྱོལ་བྱེད་པ་དང་འཐབ་ཕྱོགས་ཆེན་པོ་གཉིས་ལག་བསྟར་བྱེད་པ། ཁུལ་གསུམ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་བཅས་དམིགས་སུ་བཟུང་ནས་འཕེལ་རྒྱས་ལྡན་པའི་རྨ་ལྷོ་མངོན་འགྱུར་བྱེད་པར་ཧུར་བརྩོན་བྱ་རྒྱུ་ཡིན་ཟེར། །

8f62694c9cfef2ca0676a1c8b89e03b5.jpg

(གསར་འགོད་པ། རམས་ཚེ་བྷོ། ཚེ་རིང་རྒྱ་མཚོ། རྡོ་རྗེ་བསམ་འགྲུབ། ཚེ་མཁར་རྒྱལ།)

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།