ཀྲང་ཀོང་རུང་གིས་མཚོ་བྱང་དང་མཚོ་ལྷོ་རུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་ཟླ་དགུ་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས། རིམ་པ་སོ་སོའི་དམངས་ཆེན་གྱི་འཐུས་མི་དང་དམངས་ཆེན་གྱི་བྱ་བ་སྒྲུབ་མཁན་གྱིས་ཆབ་སྲིད་ཀྱི་ཕྱོགས་གནས་མཐོར་འདེགས་སུ་གཏོང་བ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ལྷག་བསམ་རྣམ་དག་གིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ་དང་། དངོས་འབེབས་དམ་འཛིན་གྱི་བྱ་འགུལ་ཏན་ཏིག་གིས་སྤེལ་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། དེར་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་མཚོ་བྱང་ཁུལ་གྱི་རྟོག་ཞིབ་ལ་ཞུགས།

ཀྲང་ཀོང་རུང་གིས་བསྟན་དོན། དུས་རབས་གསར་པའི་དམངས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ན། གཙོ་ཐིག་གཅིག་དམ་དུ་འཛིན་དགོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་དམངས་ཆེན་ལམ་ལུགས་སྐོར་གྱི་རྒྱས་བཤད་གལ་ཆེན་འདི་རྩ་བའི་བསྲུང་བྱར་བརྩིས་ནས། དེ་དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་སྦྲེལ་དགོས། དཀྱིལ་སྙིང་གཅིག་ལ་དམ་དུ་དམིགས་དགོས་ཏེ། ཏང་གི་དཀྱིལ་སྙིང་བྱ་བར་དམ་དུ་དམིགས་ནས། ཁྲིམས་ལྟར་ལྷག་བསམ་རྣམ་དག་གིས་འགན་ནུས་ལག་བསྟར་བྱེད་དགོས། རྣལ་ཞེས་པའི་ཡིག་འབྲུ་འདི་འབུར་དུ་ཐོན་པར་བྱེད་དགོས་ཏེ། དོན་དག་རྣལ་མ་བསྒྲུབ་པ་དང་ཕན་འབྲས་རྣལ་མ་བླངས་ནས། ཁྲིམས་ལྟར་ལྟ་སྐུལ་དང་གནད་དོན་ཁྲིད་ཕྱོགས། དམངས་བློར་མང་ཉན། ལེགས་བཅོས་ཡར་སྐུལ་བཅས་རྒྱུན་འཁྱོངས་བྱེད་དགོས། ནན་ཞེས་པའི་ཡིག་འབྲུ་འདི་རྒྱུན་འཁྱོངས་བྱེད་དགོས་ཏེ། ཁྲིམས་དང་མཐུན་ཞིང་ཚད་ལྡན་ཡིན་ལ་ཚན་རིག་དང་མཐུན་པར་བྱེད་པ་དང་། གཟབ་ནན་གྱི་འདུ་ཤེས་བཅངས་ཤིང་དོན་དངོས་དང་ཟུང་སྦྲེལ་གྱིས་གསར་གཏོད་རང་བཞིན་ལྡན་པའི་ངང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལག་ལེན་བྱེད་པའི་མངོན་འགྱུར་ཐབས་ལམ་སྔར་ལས་བཟང་པོ་འཚོལ་ཞིབ་བྱས་ཏེ། དམངས་ཆེན་བྱ་བའི་སྤྱིའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཟེར།

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། གཞི་རིམ་གྱི་དམངས་ཆེན་བྱ་བ་སྒྲུབ་སྐབས་འཐུས་མིའི་བྱ་བར་མཐོང་ཆེན་བྱས་ཏེ། མི་བཟང་པོ་རྣམས་འཐུས་མིར་འདེམ་པ་དང་འཐུས་མི་རྣམས་འཇོན་མི་རུ་འགྱུར་བར་བྱས་ནས། འཐུས་མིའི་གོ་གནས་དང་ནུས་པ། རིན་ཐང་བཅས་མངོན་པར་མཚོན་དགོས། རིམ་པ་སོ་སོའི་དམངས་ཆེན་གྱི་འཐུས་མིས་རང་རྟོན་བརྟན་པོས་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། བློ་གཅིག་སེམས་གཅིག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པའི་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་དངོས་སུ་བཏོན་ནས། སྤྱི་ཚོགས་ཀྱི་དྲང་ཕྱོགས་ནུས་ཚད་མཐོར་འདེགས་སུ་གཏོང་བའི་མཐུན་རྐྱེན་དུ་འགྱུར་བར་འབད་བརྩོན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།