ཝང་ཡུས་པའོ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་ཡུས་ཧྲུའུ་ཁུལ་སློབ་འབྲིང་དུ་སོང་ནས་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་ཡུས་ཧྲུའུ་ཁུལ༼མཚོ་ཤར༽སློབ་འབྲིང་དུ་སོང་ནས། སློབ་གྲྭའི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས་པ་དང་། དགེ་སློབ་ཚོར་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཧུར་ཐག་གིས་མཚོ་སྔོན་གྱི་སློབ་གསོ་དེང་རབས་ཅན་དུ་བསྒྱུར་ནས། མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཝང་ཡུས་པའོ་ལོ་རིམ་བདུན་པའི་འཛིན་གྲྭ་དང་པོ་རུ་སོང་ནས། སློབ་གྲོགས་ཚོ་དང་བརྗེ་རེས་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རེ་བ་དགེ་སློབ་ཚོར་བརྒྱུད་བསྒྲགས་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་ལོ་ཆུང་ཚོར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པ་དང་། སློབ་གསོའི་ལས་དོན་ལ་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་ལ། རྒྱ་ཆེའི་དགེ་རྒན་རྣམས་ལ་རེ་བ་ཆེན་པོ་བཅངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ། དེ་ནི་སློབ་གསོ་དམ་འཛིན་བྱེད་པའི་ཕྱོགས་སྟོན་འཁོར་ལོ་དང་། མི་གསར་བ་སྐྱེད་སྲིང་བྱེད་པའི་སློབ་དེབ། སློབ་གསོ་བསྒྲུབ་པའི་ལམ་ཐིག་རི་མོ་ཡིན་པས། ང་ཚོས་ངེས་པར་དུ་རྒྱུས་ལོན་གཏིང་ཟབ་དང་་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར། ཁོས་སློབ་གྲོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་སེམས་སུ་བརྟན་པོར་འཛིན་པ་དང་། འགོ་གཙོ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། མཚོ་སྔོན་ལ་དགའ་ཞེན་བྱེད་པ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་པ། ཤེས་བྱ་དང་མཐོང་རྒྱ་ཆེ་རུ་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བྱས་ཏེ། ཀུན་སྤྱོད་དང་བློ་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་བཟང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཚད་ལྡན་ཞིག་བྱེད་རྒྱུའི་སྐུལ་མ་བཏང་།

ཝང་ཡུས་པའོ་ཡིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ངོས་འཛིན་གཅིག་གྱུར་བྱེད་པ་དང་བརྩོན་སེམས་ཆེར་སྐྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། སློབ་གསོ་དང་ཞིང་ཆེན་གྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་པ་དང་། སློབ་གསོ་བྱ་བའི་གནས་བབ་གསར་བ་དང་ལས་འགན་གསར་བར་རྒྱུས་ལོན་གསལ་བོ་བྱེད་པ། སློབ་གསོ་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མིའི་ཐད་དུ་མ་དངུལ་གཏོང་བའི་འདུ་ཤེས་བརྟན་པོ་བཙུགས་ནས། གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།