ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཡུས་ཧྲུའུ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གཉིས་ཀྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ལས་བྱེད་པར་དྲག་ཆས་སྤྲས་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། བྱ་བ་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུས་ཧྲུའུ་ཡི་འཕེལ་རྒྱས་སྔར་ལས་བཟང་བ་དང་མང་ཚོགས་ཀྱི་འཚོ་བ་སྔར་ལས་བཟང་བར་བྱེད་པའི་མངག་བཅོལ་སེམས་སུ་དམ་པོར་བཟུང་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ཁྲོད་ཡུས་ཧྲུའུ་ཡི་སྔར་ལས་བཟང་བ་གཉིས་ཀྱི་རྣམ་པ་གསར་བ་སྐྲུན་དགོས་ཟེར།

ཉིན་གཉིས་རིང་ལ། ཝང་ཅན་ཅུན་དང་ལིག་ཉིང་གཉིས་རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་ཡུས་ཧྲུའུ་གྲོང་ཁྱེར་ཐོན་ལས་དབུལ་སྐྱོར་ཁྲོམ་སྲང་།  བྱ་ཆུ་ཁུག་སྲང་ལམ་སྐར་མདའ་སྡེ་བ། ཡུས་ཧྲུའུ་གཞི་རིམ་ལས་བྱེད་པའི་སློབ་གླིང་བཅས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། བྱ་བའི་རེ་བ་བཏོན།

ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་ལས་བྱེད་པ་དང་བཞུགས་མོལ་བྱེད་སྐབས། ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཡུས་ཧྲུའུ་ཁུལ་གྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཝང་ཅན་ཅུན་གྱིས་བསྟན་དོན། ཡུས་ཧྲུའུ་ཡི་འཕེལ་རྒྱས་དུས་རབས་གསར་བར་ཞུགས་པ་དང་། འགོ་ཚུགས་ས་གསར་བའི་སྟེང་འགྲེང་ཡོད་པས། ཡུས་ཧྲུའུ་ཁུལ་གྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་འདོད་བློ་དང་བསྟུན་པ། འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་བཙལ་ནས། རྒྱལ་ཡོངས་མི་དམངས་ལ་ཡུས་ཧྲུའུ་ཡི་དྲིན་གཟོ་དང་འབད་བརྩོན་ཡར་སྐྱེད་ཀྱི་སྣང་བརྙན་གསར་བ་ངོམ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་འགན་ཁུར་གསར་བ་ཕྲག་ཏུ་ལེན་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནམ་ཡང་མཚམས་འཇོག་མི་རུང་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་དང་ཐོན་སྐྱེད་འཚོ་བའི་ཐད་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བཟང་བོ་དང་དོ་དམ་བཟང་བོ་བྱེད་པ། རི་ཆུ་ནགས་གསུམ་དང་རྩྭ་ས། མཚེའུ་ལ་གཅིག་གྱུར་སྒོས་བཅོས་སྐྱོང་བྱེད་པ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཡུས་ཧྲུའུ་ནམ་ཡང་མཛེས་སྡུག་ལྡན་པར་བྱེད་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཐད་ནས་འགན་ཁུར་གསར་བ་ཕྲག་ཏུ་ལེན་དགོས། ལས་ཞུགས་འཕེལ་རྒྱས་ཐོན་ལས་ལ་དམིགས་ནས། མི་དང་རྩྭ་ས། ཕྱུགས་ཟོག་དང་། གནམ་དང་ས། མི་བཅས་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བཟང་བོ་བྱེད་པ། མི་གཞུང་ཐོན་ཁུངས་སྔོག་འདོན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ། རྩོལ་ནུས་མཐོར་འདེགས་སུ་བཏང་སྟེ་རིག་གནས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ། ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཉོ་འཚོང་འཁོར་སྐྱོད་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་ཁ་དོག་གཙོ་བོ་རུ་འགྱུར་བར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་བྱེད་པའི་ཐད་ནས་འགན་ཁུར་གསར་བ་ཕྲག་ཏུ་ལེན་དགོས། ཐོན་ལས་དབུལ་སྐྱོར་འབུར་དུ་ཐོན་པར་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུ་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། སྐྱེ་ཁམས་ལ་བརྟེན་ནས་ཕྱུག་བསྒྱུར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། བསམ་བློ་དབུལ་ཐར་ལ་དམ་འཛིན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ལེན་དགོས། སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་ནས་འགན་ཁུར་གསར་བ་ཕྲག་ཏུ་ལེན་དགོས། ཏང་འཛུགས་དང་སྤྱི་ཚོགས་བཅོས་སྐྱོང་གི་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་བ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་པ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་རྒྱུན་མཐུད་ངང་འཆམ་མཐུན་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། ཏང་གི་འཛུགས་སྐྲུན་བྱེ་བྲག་ཅན་དང་ལག་ལེན་ཅན། དེང་རབས་ཅན་དུ་བསྒྱུར་བ་དང་། མཚོ་སྔོན་གསར་བའི་སྙིང་སྟོབས་ལག་བསྟར་བྱེད་པའི་སྟེང་མདུན་གྲས་སུ་སྐྱོད་པ། ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་སྐྲུན་ནས། རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་ཟེར།

ལིག་ཉིང་གིས་བཤད་རྒྱུར། ཡུས་ཧྲུའུ་ཡིས་གནོད་འགོག་རྒུད་སྐྱོབ་དང་སླར་གསོ་བསྐྱར་འཛུགས། རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱ་བའི་ཐད་ནས་རྒྱལ་ཁ་ཆེན་པོ་བླངས་པ་དང་། ཐོན་སྐྱེད་འཚོ་བ་དང་མི་བཀོལ་མི་སྐྱོང་། ཚོང་རྟགས་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་། ཏང་འཛུགས་སྣེ་ཁྲིད་བཅས་ཐད་ནས་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ལྔ་བཞི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་བརྟན་བརླིང་ངང་སྤེལ་བ། མཁར་གྲོང་གི་ཕྱིའི་རྣམ་པ་་དང་ལས་བྱེད་པའི་སྙིང་སྟོབས་དང་སྣང་བརྙན། རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་གཞི་རྩ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བཟང་བོ་བྱེད་པ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་འདུ་ཤེས་བརྟན་སྲུང་བྱེད་པ། དྲིན་གཟོ་དང་འབད་བརྩོན་ཡར་སྐྱེད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ལྗང་མདོག་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ། མཐུན་སྒྲིལ་དང་འཆམ་མཐུན་གྱི་སྤྱི་ཚོགས་སྐྱེ་ཁམས་སྐྲུན་ནས། སྔར་ལས་བཟང་བ་གཉིས་ཀྱི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་དགོས་ཟེར།

ཐེན་ཅིན་ཁྲིན་རྟོག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།