ཡན་ཅིན་ཧེ་ཡིས་ཡུས་ཧྲུའུ་གྲོང་ཁྱེར་དང་ཁྲི་འདུ་རྫོང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཡུས་ཧྲུའུ་གྲོང་ཁྱེར་དཔལ་ཐང་ཞང་དང་སྐྱེ་རྒུ་གྲོང་རྡལ། ཁྲི་འདུ་རྫོང་ལབ་ཞང་སོགས་ནས་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་བྱ་བར་རྟོག་ཞིབ་བྱེད་སྐབས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཏེ། ས་བབ་དང་བསྟུན་ནས་ཞང་སྡེ་དར་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡན་ཅིན་ཧེ་ཡིས་ལབ་ཞང་ལྷ་སའི་ཐང་སྡེ་བ་ནས་ཕྱུགས་ལས་མཉམ་ལས་ཁང་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས། མཉམ་ལས་ཁང་གི་ཚད་རིམ་མཐོར་འདེགས་གཏོང་བ་དང་། དབུལ་སྐྱོར་གྱི་རྣམ་པ་གསར་གཏོད་བྱེད་པ། ཁེ་ཕན་མཉམ་སྦྲེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐུན་མོང་དཔལ་འབྱོར་སྐྱེད་སྲིང་དང་རྒྱ་བསྐྱེད་པ་བཅས་བྱས་ནས། རྒྱུན་སྲིང་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་བསྟན། ཡུས་ཧྲུའུ་གྲོང་ཁྱེར་དཔལ་ཐང་ཞང་བྱམས་སྐུ་སྡེ་བ་ནས། ཁོས་ཞང་སྡེ་དར་སྤེལ་གྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ས་བབ་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱད་སྟོབས་ཐོན་ཁུངས་ལ་བརྟེན་པ་དང་། གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བྱེད་པ། ཐོན་ལས་གཅིག་གིས་ཐོན་ལས་མང་པོ་དར་སྤེལ་བྱེད་པའི་སྐུལ་ཁྲིད་ནུས་པ་འདོན་པ་དང་། ཞང་སྡེའི་ཡུལ་སྐོར་དང་སྐྱེ་ཁམས་ཞིང་ཕྱུགས་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་ནས། རོང་འབྲོག་མང་ཚོགས་ཕྱུག་པོར་བསྒྱུར་ཏེ་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡུས་ཧྲུའུ་གྲོང་ཁྱེར་བྱ་ཆུ་ཁུག་ཆུ་རྒྱུད་མཉམ་སྦྲེལ་ལས་གཞིའི་ཡུལ་དངོས་ནས། ཡན་ཅིན་ཧེ་ཡིས་མི་གཙོ་བོར་འཛིན་པ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཆུ་ལམ་གེགས་མེད་དང་ཆུ་འགྲམ་མཛེས་སྒྱུར། ཆུ་ལག་འཛུགས་སྐྲུན་དང་ཆུ་ལོག་འགོག་པའི་ནུས་པ་ཇེ་ཆེར་གཏོང་བ་བཅས་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་པ་དང་། ཆུའི་ཁོར་ཡུག་འཛུགས་སྐྲུན་དམ་འཛིན་བཟང་པོ་བྱས་ནས། འབད་བརྩོན་ཆེན་པོས་ཆུ་དྭངས་རི་ལྗང་གི་སྐྱེ་ཁམས་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།