ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་སྒོ་འབྱེད་མཛད་སྒོ་ཟི་ལིང་དུ་བསྡུས།

༡.jpg

སྒོ་འབྱེད་མཛད་སྒོའི་སྟེང་གདན་ཞུའི་སྐུ་མགྲོན་རྣམས་ཀྱིས་སྒོ་བྱང་ཕྱེ་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། འབུམ་པ་རྒྱལ། ཀླུ་མོ་མཚོ།)ཟླ8པའི་ཚེས16ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་། མཚོ་སྔོན་ཚོང་དཔོན་ནོར་བཟང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་གིས་གཙོ་སྒྲུབ་མཛད་པའི་ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་སྒོ་འབྱེད་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་གསར་ཁུལ་ཐང་ལམ་ཚོང་ལས་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་ཞེས་བའི་ལས་གཞི་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚོང་ལས་ཅན་གྱི་ལས་གཞི་ཞིག་ཡིན། འདིས་མ་འོངས་པའི་བོད་ཀྱི་རིག་གནས་འཕེལ་རྒྱས་དང་ཐོན་རྫས་གསར་སྤེལ། ཚོང་ལས་ལས་རིགས་སོགས་གཙོ་བོར་བཟུང་ནས་ནུས་ཤུགས་གང་ཡོད་ཀྱིས་མཚོ་བོད་མཐོ་སྒང་གི་ཁྱད་ཆོས་ཅན་དུ་བསྒྱུར་བར་འབད་བརྩོན་བྱེད་བཞིན་ཡོད།

༩.jpg

མཚོ་སྔོན་ཚོང་དཔོན་ནོར་བཟང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྡོང་ལེན་གྱིས་གཏམ་བཤད་གནང་བཞིན་པ།

༡༠.jpg

མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་འཇིགས་མེད་རྒྱལ་མཚན་གྱིས་གཏམ་བཤད་གནང་བཞིན་པ།

༡༡.jpg

མཚོ་སྔོན་ཚོང་དཔོན་ནོར་བཟང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་གི་སྤྱི་གཉེར་བ་རྡོ་རྗེ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ། 

མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཟུར་པ་ཕུར་བ་དང་། མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་བོད་ལུགས་ས་གདན་མཐུན་ཚོགས་ཀྱི་ཚོགས་གཙོ་ཝང་ཅིན་ཕིན། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁས་པ། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན། ཅིན་ཙུའོ་ཚོགས་པའི་རྒྱུན་ལས་སྤྱི་གཉེར་བ་གཞོན་པ་ལིན་ཀེན་དང་ཁོའི་ཚོང་གྲོགས་རྣམ་པ། ཟི་ལིང་གྲོང་ཁྱེར་སའོ་ཧྥུའེ་ཐི་གསོལ་མགྲོན་ཁང་ཆེན་མོའི་སྤྱི་གཉེར་བ་ཁུ་རེན་སི། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་ངམ་སྤྱི་ཚོགས་བྱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཁུའུ་པའོ། ཟི་ལིང་གྲོང་ཁྱེར་སྐྱེ་དངོས་གླིང་ཁུལ་བཟོ་ཚོང་ཅུའུ་ཡི་ཞ་ཧོང་། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བདེ་མཚོ་སོགས་དང་དེ་མིན་ད་དུང་རྫོང་ཁག་སོ་སོའི་འབྲེལ་ཡོད་འགོ་ཁྲིད་དང་ཚོང་གྲོགས། སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་སོགས་ཁྱོན་བསྡོམས་མི་བརྒྱ་ལྷག་ཞུགས་ཡོད། 

༡༢.jpg

ཚོགས་རའི་ཡུལ་དངོས། 

ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་ལ་བསྡོམས་པས་ཐོག་བརྩེགས་གསུམ་ཡོད་དེ།  ཐོག་བརྩེགས་དང་པོར་༼ཧི་མ་ལ་ཡར་མཇལ་བ་༽ཞེས་བའི་བོད་ཀྱི་ལག་ཤེས་བཟོ་རྩལ་གཙོར་བཟུང་ནས་མི་རིགས་ཀྱི་རིག་གནས་ཐོན་རྫས་སྣ་ཚོགས་འགྲེམ་ཚོང་བྱས་ཏེ་ལོ་ངོ་སྟོང་ཕྲག་རིང་གི་བོད་ཀྱི་བཟོ་རྩལ་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་དགེ་མཚན་གསར་བ་བསྐྲུན་ཡོད།  ཐོག་བརྩེགས་གཉིས་པར་༼ནོར་བཟང་ཁོ་ཧྥེ་༽ཞེས་བའི་ནོར་བཟང་ཁོ་ཧྥེ་དང་འོ་ཇ། བོད་ཟས། ནང་འདྲེན་རྒུན་ཆང་། ཆང་དང་སྟབས་བདེའི་ཟས་རིགས་སོགས་འདོན་སྤྲོད་བྱས་ཤིང་། ཐོག་བརྩེགས་འདིའི་ཕྱི་ཁྱམས་སུ་ཁོད་ཡངས་བའི་ཁོར་ཡུག་ཅིག་ཡོད་པས་འཆད་འཁྲིད་གླེང་སྟེགས་དང་རོགས་མཐུན་དུས་ཆད། གྲོགས་པོ་དགྱེས་འཛོམས་སོགས་ཐུན་མོང་གི་བྱ་འགུལ་སྣ་ཚོགས་སྤེལ་ཆོག ཐོག་བརྩེགས་གསུམ་པ་ནི་༼བོད་ཟས་ཁང་༽རེད། འདིར་ཁང་མིག་དྲུག་དང་ཁྱམས་ར་གཅིག་བཅས་ཡོད་ལ་ཁང་མིག་དྲུག་པོའང་ཚོང་དཔོན་ནོར་བཟང་གི་རིག་གནས་དང་༼རྒྱུད་གཅིག་ལམ་གཅིག་༽གི་ཚོང་ལམ། ནོར་ནག མཚོ་སྔོན་གྱི་མཛེས་ལྗོངས། རྫ་ཆས། རང་ཁྱིམ་དང་གཞོན་པའི་མདངས་ཞེས་དམིགས་གསལ་གྱི་རྣམ་པ་དང་བཟོ་བཀོད་མི་འདྲ་བ་ལྟར་བཀོད་སྒྲིག་བྱས་ཡོད། ཁང་མིག་རེ་རེས་ས་གནས་རང་བཞིན་དང་། མི་རིགས་རང་བཞིན། གནས་དུས་རང་བཞིན་སོགས་ཀྱི་ཁྱད་ཆོས་ཀྱང་མངོན་ཡོད། སྤྱིར་༼རྩྭ་ཐང་ནས་གསོལ་མགྲོན་ཅོག་ངོས་སུ་འདྲེན་པའི༽འདུ་ཤེས་ལྟར་འདིར་བཀོལ་བཞིན་པའི་ཟས་རིགས་ཡོད་ཚད་མདོ་དབུས་མཐོ་སྒང་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཟས་རིགས་རྣལ་མ་ཡིན། སྐུ་ཉིད་ཀྱིས་རྣམ་པ་གསར་བ་དང་རོ་བཅུད་མི་འདྲ་བའི་དག་གཙང་གི་བོད་ཟས་ལ་རོལ་མྱོང་བྱེད་ཐུབ་ལ་གཞན་བཅུད་ལྡན་གྱི་ཟས་རིགས་སྣ་ཚོགས་ཀྱིས་ཉིད་ཀྱི་ཁྱིམ་མི་དང་མཛའ་བཤེས་ལ་སྤྲོ་སེམས་འཁོར་བའི་དགའ་སྟོན་བླ་ན་མེད་པ་ཞིག་བསྐྲུན་ཐུབ་ངེས་རེད།

༤.jpg

af5a7010_ABC看图.jpg

གདན་ཞུའི་སྐུ་མགྲོན་གྱིས་མིང་ཐོ་འགོད་བཞིན་པ། 

དེ་མིན་སྒོ་འབྱེད་མཛད་སྒོའི་སྟེང་ད་དུང་ཚོང་དཔོན་ནོར་བཟང་ཚོང་ལས་རིག་པའི་སློབ་གླིང་གི་སྒོ་ཡང་དངོས་སུ་ཕྱེས་པ་ཁྱབ་བསྒྲགས་བྱས་ཤིང་། སློབ་གླིང་དེའི་དམིགས་བསལ་གྱི་བྱ་བ་ནི་གཅིག་ཚོང་གཉེར་གྱི་གླེང་སྟེགས་བསྐྲུན་ཏེ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པ་དང་། ཆེད་མཁས་པ། མཁས་ཆེན་སོགས་གདན་དྲངས་ནས། དེ་དག་གིས་ཚོང་ལས་དང་། ཁེ་ལས་དོ་དམ། ཚོང་གཉེར་རིག་པ་སོགས་ཀྱི་སྐོར་ནས་འཆད་ཁྲིད་མཛད་དེ། བོད་ཀྱི་ཁེ་ལས་པ་དག་ལ་ཚོང་ལས་གྱི་སྒོ་མོ་གསར་བ་ཞིག་བྱས་པ་དང་མ་འོངས་པའི་ཚོང་རའི་དཔལ་འབྱོར་ལ་གདེང་ཚོད་ཡོད་པ་ཞིག་བྱ་རྒྱུ།  གཉིས་ཚོང་གཉེར་སྦྱོང་བརྡར་ལྟེ་གནས་བཙུགས་ནས་དུས་བཅད་ལྟར་ཆེད་ལས་ཅན་གྱི་སྦྱོང་བརྡར་བྱས་ཏེ་ཁེ་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་འཇོག་རྒྱུ། གསུམ་ཚོང་དཔོན་ནོར་བཟང་གི་ཚོང་གཉེར་འགྲན་བསྡུར་འཚོགས་པ་བརྒྱུད། བསམ་བློ་ལེགས་པོའི་གཞོན་སྐྱེས་པ་ཚང་མས་ཚོང་ལས་གཉེར་བར་རྟིང་སྐུལ་དང་། རོང་འབྲོག་ས་ཁུལ་གྱི་ཐོན་རྫས་ལེགས་པོ་རྣམས་ཚོང་རར་འདྲེན་ཅི་ཐུབ་བྱས་ཏེ་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་རང་མི་རིགས་ཀྱི་ཐོན་རྫས་གསར་གཏོད་དང་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་ཅི་ཐུབ་བྱ་རྒྱུ། བཞི་ཚོང་གཉེར་ལ་རྒྱུ་ཤུགས་འདོན་པ་དང་ཚོང་གཉེར་དར་སྤེལ་གཏོང་རྒྱུ་སྟེ། དེ་ཡང་ཐོན་རྫས་ལེགས་ཀྱང་ཚོང་གཉེར་མི་ཤེས་མཁན་དག་ལ་ཚོང་དཔོན་ནོར་བཟང་ཚོང་ལས་རིག་པའི་སློབ་གླིང་གིས་ཚོང་རྟགས་བཟོ་རོགས་དང་ཚོང་རར་འགྲེམ་རོགས་བྱེད་པ་དང་། སྤུས་ལེགས་ཐོན་རྫས་དང་བསམ་བློ་ལེགས་པ། མ་དངུལ་གྱི་དཀའ་ངལ་ཆེ་བ་དག་ལ་མ་རྩ་གཏོང་མཁན་འཚོལ་བ་དང་ཆེད་ལས་ཀྱི་བློ་འདོན་བྱས་ནས་ཚོང་ལམ་དུ་འདྲེན་གང་ཐུབ་བྱ་རྒྱུ། ལྔ་ཚོང་ལས་ཀྱི་ཤེས་ལྡན་མི་སྣ་མང་བོ་གསོ་སྐྱོང་བྱེད་པ་དང་། ཁེ་ལས་པ་ཉི་ཤུ་ཙམ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་པ། མི་རིགས་ཐོན་རྫས་ལྔ་བཅུ་ཙམ་ལ་ཚོང་རྟགས་བཟོ་ཅི་ཐུབ་བྱས་ཏེ་ཉུང་མཐར་ཡང་རོང་འབྲོག་ས་ཁུལ་གྱི་བུ་ཕྲུག1000ཙམ་ལ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་བཅས་རེད།

༨.jpg

ཚོགས་རའི་ཡུལ་དངོས། 

ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་གིས་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ། ཚོང་དོན་ལས་རིགས། ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུའི་ལས་རིགས་སོགས་བརྒྱུད་ནས་མཚོ་བོད་མཐོ་སྒང་ཁྱད་ཆོས་ཅན་དང་སྤྲོ་སེམས་ཅན་དུ་བསྒྱུར་བར་འབད་བརྩོན་བླ་ལྷག་བྱེད་བཞིན་ཡོད་ཅིང་།མ་འོངས་བར་ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་གི་ཚོང་གཉེར་དང་ཚོང་ལས་རིག་པའི་སློབ་གླིང་གི་ཆེད་སྦྱོང་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་དང་བསམ་བློའི་རྒྱག་ཕྱེས་སུ་འགྱུར་བ། དེ་དང་ཆབས་ཅིག་ཏུ་མི་རིགས་ཀྱི་ཁེ་ལས་དང་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། མི་རིགས་རིག་གནས་བརྒྱུད་བསྒྲགས་དང་དར་སྤེལ་གཏོང་བར་ཡིད་ཆས་བརྟན་པོ་བཅིངས་ཡོད། 

༢.jpg

ཚོགས་ཞུགས་མི་སྣའི་མཉམ་པར། 

༣.jpg

༦.jpg

༥.jpg

༧.jpg

ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་ནང་གི་བཀོད་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།