མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་མཚོ་ནུབ་ཁུལ་གྱི་བྱ་བར་ལྟ་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝང་ཧའེ་སོགས་མཚོ་ནུབ་ཁུལ་དུ་སོང་ནས། སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་ཀྱི་ཁྲིམས་སྲོལ་སྲོལ་ཡིག་གཙང་བཤེར་བྱེད་པའི་བྱ་བ་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། རྟོག་ཞིབ་ཚན་ཆུང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རི་སྐྱེས་རི་དྭགས་སྲུང་སྐྱོབ་སྲོལ་ཡིག་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་གི་གཙང་བཤེར་བྱ་བ་སྤེལ་བའི་གནས་ཚུལ་དང་བཟོ་བཅོས་བྱེད་དགོས་པའི་ནང་དོན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འཕང་འབྲས་ཐོན་ལས་སྐུལ་འདེད་སྲོལ་ཡིག་གི་འཆར་ཟིན་འགོད་པའི་བྱ་བ་སྤེལ་བའི་གནས་ཚུལ་སོགས་ཐད་ཀྱི་སྙན་ཞུ་ལ་ཉན་ནས། མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་ཀྱི་ཁྲིམས་སྲོལ་སྲོལ་ཡིག་གཙང་བཤེར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། བྱེ་བྲག་གི་སྲོལ་ཡིག་ལེགས་སྒྲིག་བྱེད་པའི་ཁྱབ་ཁོངས་དང་དབྱེ་འབྱེད་ཁུངས་ལུང་། སྲུང་སྐྱོབ་དོ་དམ་སོགས་ཐད་ནས་ཁྲིམས་མཐུན་རང་བཞིན་དང་ལུགས་མཐུན་རང་བཞིན། ཚན་རིག་རང་བཞིན་གྱི་མཛུབ་སྟོན་གྲོས་གཞི་བཏོན།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་ཀྱི་ཁྲིམས་སྲོལ་སྲོལ་ཡིག་གཙང་བཤེར་བྱ་བའི་ཐད་ནས་ངེས་པར་དུ་ཁྲིམས་ཀྱི་གཏན་ཁེལ་བྱས་པའི་ཁྱབ་ཁོངས་ནས་འཆར་འགོད་གཏན་འབེབས་བྱེད་པ་ལས་རྩ་དོན་དང་འགལ་མི་རུང་བ་དང་། གཏན་འབེབས་བྱེད་པའི་གོ་རིམ་ཁྲོད་གཟབ་ནན་བྱེད་པ་དང་ཁ་གཏད་རང་བཞིན་ལྡན་དགོས། སྲོལ་ཡིག་ལག་བསྟར་ཁྱབ་ཁོངས་ངེས་པར་དུ་གནད་ལ་འཁེལ་བ་དང་ཁྲིམས་དང་མཐུན་དགོས་ལ། རྐང་འཛུགས་ཐུབ་པ་དང་ལག་བསྟར་བྱེད་ཆོག་པ། སྤྱོད་གོ་ཆོད་པ། ས་ཁུལ་གྱི་མི་རིགས་དཔལ་འབྱོར་ཁྱད་ཆོས་ལྡན་པ་དང་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་དང་མཐུན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲིམས་སྲོལ་དང་མཐུན་པའི་ཁྲིམས་སྲོལ་གཏན་འབེབས་བྱེད་དགོས་ཟེར། རྟོག་ཞིབ་ཚན་ཆུང་གིས་གོ་རིམ་རྗེས་མའི་གཙང་བཤེར་བྱ་བའི་ཐད་ནས་བཀོད་སྒྲིག་བྱས་པ་དང་། མྱུར་དུ་གཙང་བཤེར་གྲུབ་འབྲས་ཡར་སྤྲོད་བྱེད་པ་དང་། གཙང་བཤེར་ཁྲོད་རྙེད་པའི་གནད་དོན་ལ་ཞིབ་འཇུག་དང་དབྱེ་འབྱེད་བྱས་ནས། གཞིར་འཛིན་ས་ཡོད་པ་དང་། ལག་བསྟར་བྱེད་ཆོག་པའི་ཁྲིམས་འཛུགས་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།