མགོན་པོ་བཀྲ་ཤིས་ཀྱིས་དབྱི་སི་ལན་ཆོས་ལུགས་སློབ་གླིང་གི་ལས་གཞིར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་མགོན་པོ་བཀྲ་ཤིས་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རང་སྐྱོང་རྫོང་ཅི་ཧྲི་གྲོང་རྡལ་དུ་སོང་ནས། མཚོ་སྔོན་ཞིང་ཆེན་དབྱི་སི་ལན་ཆོས་ལུགས་སློབ་གླིང་གི་ལས་གཞིར་རྟོག་ཞིབ་བྱས།

མགོན་པོ་བཀྲ་ཤིས་ཀྱིས་ཡུལ་དངོས་ནས་ལས་གཞིའི་རྩ་བའི་གནས་ཚུལ་དང་བཟོ་སྐྲུན་འཕེལ་ཚད། སྔོན་དཔག་ལས་ཡུན་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། དགེ་རྒན་དང་ལས་བཟོ་བའི་འཁོར་རྒྱུག་ཁང་བ་དང་སློབ་མའི་ཉལ་ཁང་གི་ཐོག་ཁང་ཡོད་སར་སོང་ནས། ཡུལ་དངོས་ནས་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་ལྟ་བྱས་ཤིང་། ཞིབ་ལྟ་བྱས་པའི་གོ་རིམ་ཁྲོད་དུ། ཁོས་དགུན་ཁ་ཐོན་ན་དགེ་རྒན་དང་ལས་བཟོ་བ། སློབ་མ་བཅས་ཀྱི་ཉལ་ཁང་དྲོད་ལ་བསྐྱིལ་ཐུབ་མིན་གྱི་གནད་དོན་ལ་སེམས་ཁུར་དང་བཅས་འདྲི་རྩད་བྱས། 

མགོན་པོ་བཀྲ་ཤིས་ཀྱིས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་དབྱི་སི་ལན་ཆོས་ལུགས་སློབ་གླིང་ནི་མཚོ་སྔོན་གྱི་དབྱི་སི་ལན་ཆོས་ལུགས་ཕྱོགས་ཀྱི་དགེ་རྒན་དང་ལས་བཟོ་བ་གསོ་སྐྱོང་བྱེད་ས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་ལ་འགན་ལེན་ཁག་ཐེག་བྱས་ནས། ལས་འགོ་ལེགས་འཛུགས་དང་ལས་མཇུག་ལེགས་བསྡུས་བྱས་ཏེ། མཚོ་སྔོན་གྱི་དབྱི་སི་ལན་ཆོས་ལུགས་ཕྱོགས་ཀྱི་དགེ་རྒན་དང་ལས་བཟོ་བར་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་བྱེད་པ། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་པའི་འཕེལ་རྒྱས་སྟེགས་བུ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།