མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གསུམ་པར་མངགས་བཅོལ་བྱས་ཏེ་ཁྲིམས་འཛུགས་བྱས་རྗེས་ཀྱི་དཔྱད་འཇོག་ཐོག་མ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་སློབ་གླིང་ལ་མངགས་བཅོལ་བྱས་ཏེ་ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་ཐོག་མ་ཟི་ལིང་ནས་སྤེལ་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཚོགས་འདུར་ཞུགས་ནས་གཏམ་བཤད།

མཱ་ཝེ་ཡིས་བསྟན་དོན། ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་ནི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཉམས་ཞིབ་བྱས་པ་ཞིག་ཡིན་པར་མ་ཟད། བཅའ་ཁྲིམས་ལ་ཕྱིར་རྟོག་བྱས་པ་ཞིག་ཀྱང་ཡིན། ཕྱོགས་གསུམ་པར་མངགས་བཅོལ་བྱས་ཏེ་ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་ནི་བར་མ་ཆད་པའི་སྒོ་ནས་དུས་རབས་གསར་བ་དང་གནས་བབ་གསར་བ། འོས་འགན་གསར་བ་བཅས་ལ་རུང་བསྟུན་བྱས་ཏེ། ས་གནས་ཁྲིམས་འཛུགས་ལས་དོན་གྱི་བླང་བྱ་དང་མཐུན་དགོས་པར་མ་ཟད། ཁྲིམས་འཛུགས་བྱ་བའི་ལམ་ལུགས་གསར་གཏོད་བྱས་ནས། ཚན་རིག་དང་དམངས་གཙོར་སྐུལ་འདེད་བཏང་ནས་ཁྲིམས་ལྟར་ཁྲིམས་འཛུགས་བྱས་ཏེ། ཁྲིམས་འཛུགས་སྤུས་ཚད་ཇེ་མཐོར་བཏང་མཐར། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཀྱང་ཡིན་ཟེར།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་ལས་དོན་ནི་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བསམ་བློ་དངོས་འབེབས་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བཅངས་པའི་བླང་བྱ་གསར་བ་དཀྱིལ་སྙིང་དུ་བཟུང་ནས། སྐྱེ་ཁམས་ཁོར་ཡུག་ལ་སྐུལ་འདེད་གཏོང་བར་ཁྲིམས་སྲོལ་གཙང་བཤེར་ལས་སྒོ་སྤེལ་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།