ཁྲིན་མེན་ཀོ་ཡིས་ཡུས་ཧྲུའུ་ཁུལ་གྱི་རིམ་པ་གཉིས་པའི་མི་དམངས་ཁྲིམས་ཁང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཡོན་ཀྲང་ཁྲིན་མེན་ཀོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏུ་སོང་ནས། དེ་གའི་རིམ་པ་གཉིས་པའི་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་པ་དང་ཁྲིམས་འཛིན་བཅོས་སྒྱུར། ཆ་འཕྲིན་ཅན་འཛུགས་སྐྲུན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྲིམས་ར་འཛུགས་སྐྲུན་དང་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དང་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ལས་དོན་སྤེལ་བའི་གནས་ཚུལ་ལ་ཆེད་དམིགས་ལྟ་སྐུལ་མཛུབ་སྟོན་བྱས།

ཁྲིན་མེན་ཀོ་ཡིས་བསྟན་དོན། ཉེ་བའི་ལོ་འདི་འགར་ཡུས་ཧྲུའུ་ཡི་རིམ་པ་གཉིས་པའི་ཁྲིམས་ཁང་གི་ལས་དོན་སྤྱི་བཟུང་བ་གོ་རིམ་ལྡན་ཞིང་། འདྲི་གཅོད་ལག་བསྟར་བྱས་པ་ཕན་འབྲས་ལྡན་པས། ཡུས་ཧྲུའུ་ཁུལ་ཏང་ཨུའི་ཁས་ལེན་ཡང་དག་ཐོབ། བྱ་བར་ལེགས་ཆ་དང་གསར་གཏོད་ཀྱི་ཆ་ལྡན་ལ། ཁྱད་པར་དུ་གྱོད་དོན་ཞིབ་བཤེར་དང་སྐྱེ་ཁམས་ཁྲིམས་འཛིན་སྲུང་སྐྱོབ། སྐོར་ཞིབ་འདྲི་གཅོད། ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད། ལས་སྒྲུབ་གསོ་སྐྱོང་ལ་ཤུགས་སྣོན་སོགས་ཀྱི་བསམ་བློའི་ངོས་ཟིན་བཟང་བ་དང་བྱེད་ཕྱོགས་ཤུགས་དང་ལྡན་པར་བརྟེན། དེ་བསྟུན་གྱི་གྲུབ་འབྲས་གང་ལ་གང་འཚམ་བླངས་ཡོད་ཟེར།

ཁྲིན་མེན་ཀོ་ཡིས་ནན་གྱིས་བསྟན་དོན། ཡུས་ཧྲུའུ་ཡི་རིམ་པ་གཉིས་པའི་ཁྲིམས་ཁང་གིས་སྐྱེ་ཁམས་ཁྲིམས་འཛིན་སྲུང་སྐྱོབ་ལ་ཤུགས་བསྣན་ནས། ཁྲིམས་ལྟར་ཁོར་ཡུག་དང་ཐོན་ཁུངས་ལ་འབྲེལ་བ་ཡོད་པའི་གྱོད་དོན་འདྲི་ཞིབ་ལེགས་པོ་བྱས་ཏེ། སྐྱེ་ཁམས་ཁྲིམས་རའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པར་མ་ཟད། ཞིབ་དཔྱོད་ལས་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་སྤྱི་ཕན་གཏུག་བཤེར་ལས་དོན་ལ་རྒྱབ་སྐྱོར་བྱས་ནས། དྲིལ་སྒྲོག་དང་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།