མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཚབ་མ་ལིག་ཉིང་གཉིས་ཀྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཞིང་ཆེན་ཏང་ཨུས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་བསྐོ་འཐེན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བསྐོ་གཞག་སྐོར་གྱི་ཡིག་ཆ་སྒྲོག་འདོན་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཝང་ཡུས་པའོ་དང་ཡན་ཅིན་ཧེ། ཧན་ཅན་ཧྭ། ཝང་ལིས་མེན། ཝང་ཀྲིན་ཧྲིན། ཀྲུང་ལིས་བཅས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཝང་ཅན་ཅུན་གྱིས་གཏམ་བཤད་ཁྲོད་བསྟན་དོན། ཐེངས་འདིར་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་ལེགས་སྒྲིག་བྱས་པ་དེ་ནི། ཀྲུང་དབྱང་གིས་སྤྱི་ཡོངས་ལ་རྐང་བཙུགས་པ་དང་། བྱ་བའི་དགོས་མཁོ་དང་མཚོ་སྔོན་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པའི་གནས་ཚུལ་དངོས་གཞིར་བཟུང་ནས། སྤྱི་ཡོངས་ལ་བསམ་གཞིགས་གཏོང་བ་དང་ཞིབ་འཇུག་ནན་མོ་བྱས་ནས་ཐག་བཅད་པ་ཡིན་ལ། དེས་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན་ལ་ཕན་འདོགས་ཐུབ་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་དང་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། མཚོ་སྔོན་གྱི་ལས་བྱེད་པར་ཡིད་ཆེས་དང་སྐུལ་སློང་བྱེད་ཀྱིན་པ་མཚོན་ཡོད་ཟེར། ཁོས་བཤད་རྒྱུར། བློ་མཐུན་ལིག་ཉིང་ན་ནིང་གི་ཟླ་བཞི་བའི་ནང་མཚོ་སྔོན་ལ་བྱ་བ་སྒྲུབ་པར་ཡོང་བའི་ཚུན་དུ། ཚང་མའི་བར་ངོ་ཤེས་པ་ནས་མཉམ་དུ་བྱ་བ་སྒྲུབ་པ་དང་། དེ་ནས་ཕན་ཚུན་རྒྱུས་ལོན་བྱས་པ། མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་ལག་ལེན་ཁྲོད་བརྩེ་སེམས་ཟབ་མོ་ཆགས་ཡོད། བློ་མཐུན་ལིག་ཉིང་གི་ཆབ་སྲིད་ཀྱི་འདུ་ཤེས་བརྟན་ཞིང་ཤེས་རྒྱ་ཡངས་ལ། ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཀུན་སྤྱོད་ཧ་ཅང་བཟང་བས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གི་འདེམ་སྒུག་མི་སྣ་བྱས་ན་ཧ་ཅང་འཚམ། ངས་ཀྲུང་དབྱང་གི་གཏན་ཁེལ་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་། རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་བྱེད་རྒྱུ་ཡིན་ལ། བློ་མཐུན་ལིག་ཉིང་ཞིང་ཆེན་སྲིད་གཞུང་དུ་བྱ་བ་བསྒྲུབ་པར་ཡོང་བར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་དང་རྟེན་འབྲེལ་ཞུ་བཞིན་ཡོད་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། བློ་མཐུན་ཚོས་ངས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དུ་བྱ་བ་སྒྲུབ་སྐབས་ཡིད་ཆེས་དང་རྒྱབ་སྐྱོར། རོགས་རམ་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད། ངས་ཞིང་ཆེན་སྲིད་གཞུང་དུ་བྱ་བ་སྒྲུབ་པའི་དུས་ཚོད་ཐུང་ན་ཡང་། སྦྱོང་བརྡར་ཆེན་མོ་ཐོབ་པ་དང་། ངའི་མི་ཚེའི་བཞུད་ལམ་ཁྲོད་ཆེས་བརྗེད་དཀའ་བའི་དུས་སྐབས་སྐྱིད་པོ་ཞིག་རོལ། ད་ལྟ་ང་རང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ལས་རྐང་དང་ཁ་བྲལ་ན་ཡང་། སྔར་བཞིན་མཚོ་སྔོན་དུ་བྱ་བ་བསྒྲུབ་དགོས་པ་དང་། ཞིང་ཆེན་ཡོངས་དང་ཞིང་ཆེན་སྲིད་གཞུང་ནམ་ཡང་སེམས་སུ་བརྟན་པོར་བཟུང་ཡོད། ཞིང་ཆེན་སྲིད་གཞུང་གི་ཚན་ཁག་ནི་ཚན་ཁག་བཟང་བོ་ཞིག་ཡིན་ལ། ཚང་མས་སེམས་ཤུགས་གཅིག་ཏུ་སྒྲིལ་ཡོད་པ་དང་། མཐུན་སྒྲིལ་ལྡན་ཞིང་འཆམ་མཐུན་ཡིན་ལ། དེ་ནི་གོང་བུར་སྒྲིལ་ཤུགས་དང་འཐབ་རྩོད་ནུས་པ་ལྡན་པའི་ཐུན་མོང་ཞིག་ཡིན། ཞིང་ཆེན་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ནི་ཞིང་ཆེན་ཏང་ཨུའི་འགན་འཁྲི་ཡིན་ལ། ང་རང་ཉིད་ཀྱི་འོས་འགན་ཡང་ཡིན་པས། ངས་སྟོབས་ཤུགས་ཡོད་རྒུས་བློ་མཐུན་ལིག་ཉིང་ཚན་གཙོ་ཡིན་པའི་ཞིང་ཆེན་སྲིད་གཞུང་གི་ཚན་ཁག་ཁོངས་མིས་བློ་སྤོབས་ཆེར་སྐྱེད་ཀྱིས་བྱ་བ་བསྒྲུབ་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། དོན་ཆེན་ཕྱོགས་ནས་གྲོས་སྡུར་ཐེངས་མང་བྱེད་པ་དང་། དོན་ཆུང་ཐད་ནས་ཐེ་གཏོགས་མི་བྱེད་པར། ཞིང་ཆེན་སྲིད་གཞུང་གི་ཚན་ཁག་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡིན་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མིག་སྔར། མཚོ་སྔོན་གྱི་འཕེལ་རྒྱས་ཐད་ནས་གོ་སྐབས་གསར་བར་འཕྲད་ཡོད་པ་དང་། སྔོན་ཏག་ཏག་ལ་གྲོལ་བའི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་བཏོན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཀ་ལེགས་པའི་འཚོ་བ་སྐྲུན་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པའི་སྐོར་གྱི་གྲོས་གཞི་འགའ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། དེ་ནི་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། ཇུས་གཞི་ཆེན་པོ་གཏན་ཁེལ་བྱས་རྗེས། ལས་བྱེད་པ་ནི་གཏན་ཁེལ་གྱི་རྒྱུ་རྐྱེན་ཡིན་པ་དང་། བློ་མཐུན་ལིག་ཉིང་གིས་སྣེ་ཁྲིད་འོག ཞིང་ཆེན་སྲིད་གཞུང་གི་མི་སྣ་ཡོངས་ཀྱི་རིག་སྟོབས་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་དང་། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་ཡིད་ཆེས་ཡོད། ང་ཚོ་ཚང་མས་མཉམ་དུ་འབད་འཐབ་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞང་གི་གཏན་ཁེལ་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་། ངེས་པར་དུ་ཏང་ཀྲུང་དབྱང་གི་རེ་བ་ལྟར། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ་འོག ཞིང་ཆེན་སྲིད་གཞུང་གི་ཚན་ཁག་ཁོངས་མི་དང་མཉམ་དུ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ། སློབ་སྦྱོང་ལ་ཤུགས་སྣོན་པ། བྱ་བར་འབད་འཐབ་བྱེད་པ། ཏང་དང་མི་དམངས་ཀྱིས་བསྩལ་བའི་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཧུར་ཐག་གིས་སྲིད་གཞུང་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་རྒྱུ་ཡིན་ཟེར།

ལིག་ཉིང་གིས་སྐབས་རིམ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཡང་དག་འོག ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་མཐར། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལྷག་པར་དུ་ཉེ་ལམ། ཞིང་ཆེན་གོང་འོག་ཡོངས་སུ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སེམས་ཤུགས་གཅིག་བསྒྲིལ་དང་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། དུས་མཉམ་གཅིག་དང་སྔར་ལས་བཞི་མངོན་འགྱུར་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས་ཟེར། ལིག་ཉིང་གིས་བསྟན་དོན། ཧྲུའུ་ཅི་ཝང་ཅན་ཅུན་ཚན་གཙོ་ཡིན་པའི་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ་ཡོད་པ་དང་། བྱ་བའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་རྣམ་པ་འདི་འདྲའི་བཟང་བོ་ཞིག་ཡོད་ལ། བསམ་གཞིགས་གཏོང་ཤེས་པ་དང་དོན་དག་སྒྲུབ་ཐུབ་པའི་སྲིད་གཞུང་གི་མི་སྣ་ཡོངས་ཡོད་པས། བྱ་བ་སྔར་ལས་བཟང་བོར་བསྒྲུབ་ཐུབ་པར་ང་རང་ཡིད་ཆེས་བརྟན་པོ་ཡོད་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།