མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ།  ཀྲུའུ་རིན་གཞོན་པ་ཀའོ་ཧྭས་མགོ་འཛིན་བྱས་ཏེ་འཐུས་མིའི་གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས་ཏེ།  གྲོས་གཞི་སྒྲུབ་པར་འགན་ཁུར་བའི་ལས་ཁུངས་ཁ་ཤས་ཀྱི་འཐུས་མིའི་གྲོས་གཞི་དང་གྲོས་གཞི་གཙོ་བོ་སྒྲུབ་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་།    གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་གྲོས་གཞི་སྒྲུབ་པའི་སྤུས་ཚད་དང་ཕན་ནུས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།

ཀའོ་ཧྭས་བསྟན་དོན།   ཞིང་ཆེན་སྲིད་གཞུང་གིས་སྔར་ནས་བཟུང་འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་།  ཐེངས་མང་པོར་བླང་བྱ་གསལ་བོ་བཏོན་མྱོང་།   གྲོས་གཞི་སྒྲུབ་པར་འགན་ཁུར་བའི་ལས་ཁུངས་ཀྱིས་གྲོས་གཞི་སྒྲུབ་པའི་བྱ་བའི་ཕན་ནུས་ཇེ་དྲག་ཏུ་གཏོང་རྒྱུ་དེ་འཐུས་མིའི་བྱེད་ནུས་འདོན་སྤེལ་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་ལ་ལན་སློག་པ།   བྱ་བ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ་རྩ་འཛུགས་མགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་གྲོས་གཞི་སྒྲུབ་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།   འགན་འཁྲི་གཟབ་ནན་དུ་གཏོང་བ་བཅས་བྱས་ཏེ་གྲོས་གཞི་སྒྲུབ་པའི་བྱ་བའི་ཚད་ལྡན་ཅན་དང་ཚན་རིག་ཅན།  ཞིབ་ཚགས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་ཟེར།

ཀའོ་ཧྭས་ནན་གྱིས་བསྟན་དོན།  འཐུས་མིའི་གྲོས་གཞི་གཟབ་ནན་གྱིས་བསྒྲུབ་རྒྱུ་ནི་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་བཀོད་འགན་འཁྲི་ཡིན་པ་དང་།  ཆབ་སྲིད་གླེང་བའི་ཞིབ་ཕྲའི་མངོན་སྟངས་ཀྱང་ཡིན།   གྲོས་གཞི་སྒྲུབ་པར་འགན་ཁུར་བའི་ལས་ཁུངས་སོ་སོས་མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ཏེ་འཐུས་མིའི་གྲོས་གཞི་སྒྲུབ་པའི་ཕན་ནུས་དང་མང་ཚོགས་ཡིད་ཚིམ་ཚད་མཐོར་འདེགས་གཏོང་དགོས།   འཐུས་མིའི་གཙོ་གཞིའི་གོ་གནས་ལ་བརྩི་བཀུར་བྱས་ཏེ་འབྲེལ་འདྲིས་ནང་རྐྱེན་གསར་སྐྲུན་དང་འབྲེལ་འདྲིས་བྱེད་ཐབས་རྒྱ་བསྐྱེད་ནས་འཐུས་མི་རྣམས་ཀྱིས་སྔར་ལས་བཟང་བ་དང་ཁྱོན་ཡོངས་ནས་གྲོས་གཞི་སྒྲུབ་པའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་པར་བྱེད་དགོས།  འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བ་བཟང་བོར་སྒྲུབ་སྟེ་མི་དམངས་ཀྱི་འདོན་བློ་དོན་འཁྱོལ་བྱེད་པ་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ་ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་།   སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བ།  མཚོ་སྔོན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་གསར་གཏོད་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།