མཚོ་སྔོན་ཞིང་ཆེན་གྱི་ཉི་འོད་ནུས་པའི་གློག་འདོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གྱིས་བསྟུད་མར་ཉིན7གྱི་དུས་ཚོད168རིང་ལ་ཉི་འོད་ནུས་པ་དང་རླུང་ནུས། དེ་མིན་ཆུ་ཤུགས་ལ་བརྟེན་ནས་ཞིང་ཆེན་ཡོངས་སུ་གློག་འདོན་སྤྲོད་བྱས་པས། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་དྭངས་གཙང་ནུས་ཁུངས་ཀྱིས་བསྟུད་མར་གློག་འདོན་པའི་དུས་ཚོད་ཆེས་རིང་བའི་ཟིན་ཐོ་མངོན་འགྱུར་བྱས།

མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཉི་འོད་འགྱེད་འཕྲོའི་ཚད་ཆེ་བ་དང་། ཉི་འོད་ཕོག་ཡུན་རིང་བ། མུ་མཐའ་མེད་པའི་རྩྭ་ཐང་དང་མྱ་ངམ་ཐང་ཡོད་པས། བེད་སྤྱོད་བྱེད་ཆོག་པའི་ཆུ་ནུས་དང་རླུང་ནུས། ཉི་འོད་ནུས་པ་བཅས་ཕུན་སུམ་ཚོགས་པོ་ཡོད། ཉི་འོད་ནུས་པའི་ཐོན་ཁུངས་ལེགས་པོ་དང་བེད་སྤྱོད་མ་བྱས་པའི་ས་ཞིང་ཐོན་ཁུངས་ཀྱི་གནས་བབ་ལེགས་པོ་བེད་སྤྱོད་གང་ལེགས་བྱས་པ་བརྒྱུད། མཚོ་སྔོན་གྱིས“སྟོང་ཝ་ཁྲི་སྟོང་ཅན་གྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་རྟེན་གཞི”འཛུགས་སྐྲུན་བྱེད་བཞིན་ཡོད། འོད་ཧྥུ་དང་རླུང་གློག ཆུ་གློག་སོགས་ཀྱི་ལས་གཞི་སྐོར་ཞིག་རང་ཞིང་དུ་བཙུགས་པར་མ་ཟད། འོད་ཧྥུ་དང་རླུང་གློག ཆུ་གློག་སོགས་ཀྱི་བཟོ་སྐྲུན་ཁེ་ལས་སྐོར་ཞིག་ཀྱང་རང་ཞིང་དུ་གཞིས་ཚུགས། 2017ལོའི་ལོ་མཇུག་བར། རང་ཞིང་གི་ཉི་འོད་ནུས་པའི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར113ལ་སླེབས་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར་ཡོད། གཅིག་བསྡུས་ཅན་གྱི་འོད་ཧྥུ་གློག་འདོན་ས་ཚིགས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་ཁྲི791ལ་སླེབས་པས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་གྱུར་པས། མཚོ་སྔོན་གྱི་འོད་ཧྥུ་ཐོན་ལས་དེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་སྔོན་གྲས་སུ་སླེབས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།