མཚོ་སྔོན་གྱི་རེ་བའི་བཟོ་འགོད་ཀྱིས་ལོ་ལྔར་མ་དངུལ་སྒོར་ཁྲི8431གྲབས་གསོག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཞིང་ཆེན་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། འདས་པའི་ལོ་ངོ་ལྔའི་རིང་ལ། མཚོ་སྔོན་གྱི་རེ་བའི་བཟོ་འགོད་ཀྱིས་བསྡོམས་པས་མ་དངུལ་སྒོར་ཁྲི8431གྲབས་གསོག་བྱས་ཏེ། རེ་བའི་སློབ་གྲྭ་འཛུགས་སྐྲུན་ལ་ཞལ་འདེབས་དང་སྤྱི་ཕན་ལས་གཞི་སྣ་ཚོགས་སྤེལ་བའི་ཕྱོགས་སུ་བཏང་།

ཞིང་ཆེན་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཧུར་ཐག་སྒོས་རང་བརྟེན་སྤྱི་ཕན་ཆས་རྟགས་གསར་གཏོད་དང་། དྲ་ཐོག་གི་མཚོ་སྔོན་གྱི་རེ་བའི་བཟོ་འགོད་བསྐྲུན། དེ་ནི་སྤྱི་ཕན་མང་རུབ་མ་དངུལ་གྲབས་གསོག་དང་། ཆེད་དམིགས་སྙན་སེང་ཞུ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་མྱུར་དུ་དྲ་རྒྱའི་སྟེགས་བུ་དང་། ཁ་པརAPP སྐད་འཕྲིན་སྒྲིག་རིམ་ཆུང་བ། སྤྱི་སྟེགས་སོགས་གཅིག་འདུས་ཀྱི་འཕྲིན་སྟེགས་ལས་བརྒལ་བ་དང་། ཀུན་ལ་གསལ་བ། ཕྱོགས་ཡོངས་ཀྱི་མཚོ་སྔོན་རེ་བའི་བཟོ་འགོད་ཀྱི་དྲ་རྒྱའི་སྤྱི་ཕན་སྟེགས་བུ་ཞིག་བསྐྲུན་ཏེ། རེ་བའི་བཟོ་འགོད་ཀྱི་སྤྱི་ཕན་ལས་གཞི་དྲ་ཐོག་ནས་སྙན་ཞུ་དང་། ཞིབ་དཔྱད། གཤམ་སྒྲོག རྗེས་སྙེག སྤྱི་བསྒྲགས། གཞི་གྲངས་དབྱེ་ཞིབ་ཀྱིས་དོ་དམ་ཇུས་གཅོད་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱེད་ནུས་རབ་དང་རིམ་པ་མངོན་འགྱུར་འབྱུང་དུ་བཅུག་སྟེ། རིམ་བཞིན་ཞིང་ཆེན་ཡོངས་ཀྱི་རེ་བའི་བཟོ་འགོད་ལག་བསྟར་ལས་ཁུངས་དང་ན་གཞོན་སྤྱི་ཚོགས་རྩ་འཛུགས་ཀྱིས་རེ་བའི་བཟོ་འགོད་ཀྱི་སྤྱི་ཕན་བྱ་གཞག་སྒྲུབ་པར་ཁྱོན་ཡོངས་ནས་ལྟ་སྐུལ་དོ་དམ་དང་དུས་ཚོད་དངོས་ཀྱི་ནང་ཞབས་ཞུ་མངོན་འགྱུར་འབྱུང་དུ་འཇུག་རྒྱུ་མ་ཟད། དགོས་མཁོ་ཕྱོགས་སྟོན་དུ་བཟུང་སྟེ།ཞིང་ཆེན་ཡོངས་ཀྱི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱི་སྤྱི་ཕན་དགོས་མཁོ་ཁྱབ་སྒྲོག་དང་། ལས་གཞི་ངོས་ལེན་ཐུབ་མཁན་ཡོངས་བསྒྲགས་ཀྱིས་བསྡུ་ལེན་བྱས་ཏེ།མཚོ་སྔོན་གྱི་རེ་བའི་བཟོ་འགོད་ནི་དྲ་ལམ་ཡིན་མིན་ཅི་རིགས་ནས་ཕན་ཚུན་བརྗེ་རེས་བྱེད་ཐུབ་པ་དང་། ལས་སྒོའི་གོ་རིམ་གསལ་བ། རྗེས་ཤུལ་ཡོད་པ། གཞི་གྲངས་ཚན་རིག་དང་མཐུན་པ། ཇུས་ཆོད་ལ་རྒྱབ་སྐྱོར་ཐུབ་པའི་ཕུལ་བྱུང་སྤྱི་ཕན་སྟེགས་བུ་ཞིག་ཏུ་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།