པད་མའི“བོད་ཇ”ལ་ཀྲུང་གོ(ཨ་ཤེ་ཡ་བྱང་ཤར)ནགས་ཚལ་དངོས་མང་བཤམས་སྟོན་ཚོགས་འདུའི་སྟེང་གསེར་གྱི་རྟགས་མ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས6ཉིན་ནས་ཚེས10ཉིན་བར། ཀྲུང་གོ(ཨ་ཤེ་ཡ་བྱང་ཤར)ནགས་ཚལ་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་ལྔ་པ་དེ་ཧེ་ལུང་ཅང་ཞིང་ཆེན་གྱི་དབྱི་ཁྲུན་གྲོང་ཁྱེར་དུ་གཟབ་རྒྱས་ངང་སྤེལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་བཤམས་པའི“མདོག་གསུམ་པད་མ་རྟགས་ཅན་གྱི་བོད་ཇ”ལ་མཐོ་སྒང་གི་ས་བབ་མཐོ་ས་ནས་སྐྱེས་པ་དང་རང་བྱུང་གཙང་མ་ཡིན་པ།སྦགས་བཙོག་དང་ལྷད་མེད་པ། ལྷད་རྫས་བསྣན་མེད་པ། སྐྱེ་ལྡན་ལྗང་མདོག་ཡིན་པ་སོགས་ཀྱི་ལེགས་ཆ་ལྡན་པས། “ཀྲུང་གོ(ཨ་ཤེ་ཡ་བྱང་ཤར)ནགས་ཚལ་དངོས་མང་བཤམས་སྟོན་ཚོགས་འདུའི”གསེར་གྱི་རྟགས་མ་ཐོབ།

ཤེས་གསལ་ལྟར་ན། ཀྲུང་གོ(ཨ་ཤེ་ཡ་བྱང་ཤར)ནགས་ཚལ་དངོས་མང་བཤམས་སྟོན་ཚོགས་འདུ་ནི་རྒྱལ་ཁབ་རིམ་པའི་ནགས་ལས་ཀྱི་བཤམས་སྟོན་ཚོགས་འདུ་གཙོ་བོ་ཞིག་ཡིན་ལ། ལོ་གཉིས་རེའི་ནང་ཐེངས་གཅིག་ལ་སྡུད་བཞིན་ཡོད། ཐེངས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུ་སྟེང་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་ཚོང་པ2000ལྷག་ཞུགས་ཡོད། ད་ལོར། པད་མའི“བོད་ཇ”ལ2018ལོའི་ཧྲང་ཧའེ་རྒྱལ་སྤྱིའི་ཇ་ལས་དངོས་མང་བཤམས་སྟོན་ཚོགས་འདུ་སྟེང་གསེར་གྱི་རྟགས་མ་ཐོབ་རྗེས་ཡང་བསྐྱར་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཚོགས་འདུ་སྟེང་གསེར་གྱི་རྟགས་མ་འདི་ཐོབ། འདི་ནི་པད་མའི་བོད་ཇ་རྒྱལ་ཡོངས་ཀྱི་ཚོང་ཁྲོམ་སྟེང་དུ་བསྐྱོད་པར་རྨང་གཞི་བརྟན་པོ་བཏིངས་པའང་རེད།

པད་མའི་རྫོང་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་པས་བཤད་རྒྱུར། ཕྱིན་ཆད་པད་མའི་བོད་ཇ་ཐོན་ལས་ཀྱིས་ཐེངས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུ་སྟེང“གསེར་གྱི་རྟགས་མ”ཐོབ་པའི་གཟི་བརྗིད་དེ་སྒུལ་ཤུགས་སུ་བརྩིས་ཏེ།ཇ་ལོའི་སྤུས་ཀ་ཇེ་བཟང་དང་ལས་རིམ་ཞིབ་ཚགས།དྲིལ་སྒྲོག་ཕྱིར་འཚོང་སོགས་ཀྱི་བྱ་བ་ཧུར་བརྩོན་གྱིས་བསྒྲུབས་ནས། བསམ་བློ་སྔར་བས་རྒྱ་ཆེར་གཏོང་བ་དང་འདུ་ཤེས་སྔར་བས་གསར་སྐྲུན་བྱས་ཏེ། “མདོག་གསུམ་པད་མ”ཡི་ཐོན་ཁུངས་ལེགས་ཆར་ཟུང་འབྲེལ་དམ་ཚགས་བྱེད་པ་དང་། དངོས་གནས་པད་མའི་བོད་ཇའི་ཐོན་རྫས་རབ་དང་རིམ་པ་ནང་ལོགས་སུ་མཚམས་སྦྱོར་བྱེད་པ་དང་ཆེ་སྒྲུབ་ལེགས་སྒྲུབ་བྱས་ཏེ། ལྗང་མདོག་ཐོན་ལས་དབུལ་སྐྱོར་དང་ལྗང་མདོག་སྐྱེ་ཁམས་ཀྱི་པད་མ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།