ལིའུ་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བརྗེ་རེས་སྐུལ་འདེད་ཚོགས་འདུས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་ཉིན། ལིའུ་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བརྗེ་རེས་སྐུལ་འདེད་ཚོགས་འདུས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ་ཧྲན་ཞི་དང་ཀན་སུའུ། ཉིན་ཞ། སི་ཁྲོན། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ལིའུ་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་ཐད་ནས་བརྗེ་རེས་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཧྲན་ཞི་དང་ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་སྲིད་གྲོས་འགོ་ཁྲིད་ཧན་ཡུང་དང་ཨོའུ་ཡང་ཅན། ཨོའུ་ཆིན་ཕེང་། སོན་ལེ་ཡན། ཡུས་ཀི་ཧྲིན། ཁྲིན་ཆང་། ཧྲང་ཞུན་ཝུའུ། ཝང་ཙི་ཡོན་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཡན་ཅིན་ཧེ། ཝང་ཞའོ་ཡུང་། ཏུའུ་ཅེ་བཅས་གྲོས་ཚོགས་ལ་ཞུགས། ཝང་ཞའོ་ཡུས་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཨོའུ་ཆིན་ཕེང་གི་གཏམ་བཤད་གྱིས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་ལིའུ་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ལ་ཚད་མཐོན་པོས་སྤྱི་བསྡོམས་བྱས་པ་དང་། ལིའུ་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་ཀྱི་ཉམས་ཞན་དུས་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ནས་དབྱི་ཞིབ་ཟབ་མོ་བྱས་པར་མ་ཟད། ལིའུ་ཕན་རི་བོ་ས་ཁུལ་གྱི་གནད་ཕིགས་དབུལ་ཐར་ལ་མཉམ་དུ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་མཚམས་སྦྱོར་ཞིབ་མོ་བྱས་ཡོད། ཁོས་བཤད་རྒྱུར། ལོ་གཅིག་གི་རིང་ལ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་ཧ་ཅང་བུལ་ཕོངས་ཡིན་པའི་ས་ཁུལ་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཟབ་ནན་གྱིས་སློབ་སྦྱོང་དང་གོ་སྐབས་དམ་འཛིན། སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་བྱ་བ་སོ་སོར་བརྟན་འཇགས་སྒོས་སྐུལ་འདེད་བཏང་། ལིའུ་ཕན་རི་བོ་ས་ཁུལ་གྱི་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བྱ་བ་གཅིག་བསྡུས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སོ་སོར་སྐུལ་འདེད་བཏང་བས། ཞིང་ཆེན་དང་རང་ལྗོངས་བཞིའི་དབུལ་ཐར་མཁྲེགས་གཏོར་ཐད་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད། རང་སོ་སོའི་ཁྱད་ཆོས་དང་ཟུང་སྦྲེལ་གྱིས་ཉམས་མྱོང་དང་བྱེད་ཐབས་ཧ་ཅང་བཟང་བོ་ཞིག་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་བྱ་བར་གོང་འཕེལ་ཆེན་པོ་བྱུང་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་། ཀན་སུའུ་དང་ཉིན་ཞ་གཉིས་ཀྱི་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གྱིས་སོ་སོར་རང་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ལིའུ་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ཀྱི་བྱེད་ཐབས་གཙོ་བོ་དང་བླངས་པའི་གྲུབ་འབྲས་མཚམས་སྦྱོར་བྱས། ཡན་ཅིན་ཧེ་ཡིས་བཤད་རྒྱུར། མཚོ་སྔོན་གྱི་ལིའུ་ཕན་རི་བོ་ས་ཁུལ་གྲོང་ཁྱེར་གཉིས་དང་རྗོང་བདུན་དང་འབྲེལ་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བདུན་ཡོད། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལིའུ་ཕན་རི་བོ་ས་ཁུལ་གྱི་ཁུལ་ཁོངས་ཁྱད་ཆོས་ལ་རྐང་བཙུགས་ཏེ་ཁུལ་ཁོངས་འཕེལ་རྒྱས་ཀྱི་དབུལ་སྐྱོར་གསར་སྤེལ་ལ་སྣེ་ཁྲིད་བྱེད་པ་དང་དབུལ་སྐྱོར་གསར་སྤེལ་གྱིས་ཁུལ་ཁོངས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་གཞི་རྩའི་བསམ་བློ་རྒྱུན་འཁྱོངས་དང་གནད་ཕིགས་ཤུགས་འདོན་བྱས་པས་ལིའུ་ཕན་རི་བོ་ས་ཁུལ་ཡོངས་ལ་དབུལ་ཐར་མགྱོགས་པ་དང་འཕེལ་རྒྱས་ཀྱི་ཕན་ནུས་མཐོ་བ། དམངས་འཚོའི་སྤུས་ཚད་མཐོ་བའི་རྣམ་པ་བཟང་བོ་མངོན་ཡོད། ཉིས་སྟོང་བཅུ་དྲུག་ལོའི་ཚུན་ལ། ལིའུ་ཕན་རི་བོ་ས་ཁུལ་དུ་བསྡོམས་པས་དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་གཉིས་ལྷག་ཇེ་ཉུང་དུ་སོང་བ་དང་། དབུལ་ཕོངས་སུ་གྱུར་ཚད་ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་གི་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་ལྔ་དང་གྲངས་ཆུང་དྲུག་ལ་ཇེ་དམར་སོང་། གོ་རིམ་རྗེས་མར། མཚོ་སྔོན་གྱིས་ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་དང་འཁྲེགས་གཏོར་ལས་འགན་དམ་འཛིན། གནད་ཕིགས་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཧ་ཅང་དབུལ་ཕོངས་ཡིན་པའི་ཞང་དང་གྲོང་རྡལ་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་གཙོར་བཟུང་ནས་སྲིད་ཇུས་དོན་འཁྱོལ་ཟབ་མོ་བྱེད་པ་དང་། གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་ཤུགས་སྣོན་པ། ལྟ་སྐུལ་ཞིབ་བཤེར་ཇེ་དྲག་ཏུ་གཏོང་བ། སྟོབས་ཤུགས་གཅིག་བསྡུས་བྱེད་པ། བྱ་བའི་བྱེད་ཐབས་བསྒྱུར་བ་བཅས་བྱས་ཏེ་གཏན་ཁེལ་བྱས་པའི་དུས་ཚོད་ནང་དབུལ་ཐར་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ད་རུང་ལིའུ་ཕན་རི་བོ་ས་ཁུལ་གྱི་མང་ཚོགས་ཀྱི་ཡུལ་གཞན་གནས་སྤོར་ཤུགས་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་རྨང་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བསྐྱེད་པ། ཐོན་ལས་དབུལ་སྐྱོར་སྲིད་ཇུས་འདོན་པ་སོགས་ཐད་ནས་སོ་སོར་བསམ་འཆར་དང་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།