ཏུའུ་ཏི་ཀྲི་ཡིས་རྨ་སྟོད་རྫོང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་རྨ་སྟོད་རྫོང་དུ་ཟབ་ཞུགས་བྱས་ཏེ་དབུལ་སྐྱོར་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

རྟོག་ཞིབ་སྐབས་སུ། ཏུའུ་ཏི་ཀྲི་ཡིས་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་སྡེ་སྡོད་ཧྲུའུ་ཅི་དང་པོ། དབུལ་ཕོངས་མང་ཚོགས་ཀྱི་འཐུས་མི་བཅས་དང་ཁ་བརྡ་བརྗེ་རེས་བྱས་པ་དང་། དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་སྙན་ཞུར་ཉན་ཏེ་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་ཀྱི་གནད་དོན་ལ་རྒྱུས་ལོན་བྱས། ཏུའུ་ཏི་ཀྲི་རྨ་སྟོད་རྫོང་གི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་ཁུལ་དང་དབུལ་སྐྱོར་ཐོན་ལས་གླིང་འཛུགས་སྐྲུན་ཡུལ་དངོས། དབུལ་ཕོངས་ཁྱིམ་ཚང་བཅས་སུ་སོང་ནས་ཡུལ་དངོས་མཚམས་འདྲི་བྱས་པ་དང་། གནད་དོན་རྩིས་ཁྲ་དག་ཐེར་ལེགས་བཅོས་དང་དོན་འཁྱོལ་བྱས་པ་སོགས་ཕྱོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་རྟོག་ཞིབ་ཟབ་མོ་བྱས།

ཏུའུ་ཏི་ཀྲི་ཡིས་བསྟན་དོན། རྨ་སྟོད་རྫོང་གིས་དབུལ་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་ན་ཡང་། ཕྱོགས་བསྡུས་དབུལ་སྐྱོར་བྱ་བར་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད། མིག་སྔའི་གནས་བབ་དྲག་པོ་དང་ད་ལོའི་བྲེལ་མྱུར་ལས་འགན་ལ་ད་རུང་རྒྱུས་ལོན་གང་ལེགས་བྱས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་དབུལ་སྐྱོར་དཔྱད་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ལས་འགན་དམ་འཛིན་བྱེད་དགོས། གཅིག་ནས་ཀྲུང་དབྱང་དང་ཞིང་ཆེན་གྱིས་བཏོན་པའི་དག་ཐེར་ལེགས་བཅོས་གནད་དོན་ལ་གཟབ་ནན་གྱིས་དབྱེ་ཞིབ་དང་ལེགས་སྒྲིག་བྱེད་དགོས། རྨ་སྟོད་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་དང་སྤྱི་ཚོགས་འཕེལ་རྒྱས་གོ་རིམ་དང་ཟུང་འབྲེལ་བྱས་ཏེ། དངོས་ཐོག་བདེན་འཚོལ་བྱེད་དགོས་པ་དང་། གནད་དོན་ལྟ་བའི་གཏན་འཇགས་བསམ་བློ་གཏན་འགོག་བྱེད་དགོས། གཉིས་ནས་རྫོང་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་གྱུར་དང་མཉམ་ཤུགས་གྲུབ་པར་བྱས་ནས་དབུལ་སྐྱོར་ལས་གཞི་སོ་སོ་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་སྒོ་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས། གསུམ་ནས་དབུལ་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་ཟུང་འབྲེལ་བྱས་ཏེ་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། བྱ་བའི་ཁྲིད་ཕྱོགས་བརྟན་པོར་བཙུགས་ཏེ་དབུལ་སྐྱོར་བྱ་བའི་དཔལ་འབྱོར་དམིགས་ཚད་དམ་འཛིན་བྱེད་པ་དང་མཉམ་དུ་དབུལ་ཕོངས་མང་ཚོགས་ཀྱི་སློབ་གསོ་སྣེ་ཁྲིད་བྱ་བ་བཟང་བོར་བསྒྲུབ་སྟེ་གནད་ཁེལ་དབུལ་ཐར་མཁྲེགས་གཏོར་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།