རིག་གནས་རོགས་སྐྲུན་གྱིས་དབུལ་ཐར་འགག་སྒྲོལ་ལ་གཞོགས་འདེགས་བྱེད་པ་སྟེ། པེ་ཅིང་ཡུལ་ཤུལ་གཉིས་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་ཕུགས་འདུན་གཏོད་པ།

W020180710555604385120.jpg

འཚམས་འདྲིའི་འཁྲབ་སྟོན་གྱི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། པེ་ཅིང་གྲོང་ཁྱེར་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“པེ་ཅིང་ཡུལ་ཤུལ་བརྩེ་སེམས་མཉམ་འདྲེས་ཀྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད། རྒྱལ་སའི་སྒྱུ་རྩལ་པས་མཚོ་སྔོན་ཡུལ་ཤུལ་གྱི་རིག་གནས་སྤེལ་རེས་བྱེད་སྒོ”སྤེལ། རྒྱུས་ལོན་བྱུང་པ་ལྟར་ན། ད་རེས་ཀྱི་བྱེད་སྒོ་ནི་པེ་ཅིང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ཡུལ་ཤུལ་དུ་རིག་གནས་སྤེལ་རེས་དང་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་ཐོག་མ་སྤེལ་བ་ཡིན་ལ།  དེ་སྔར་ པེ་ཅིང་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་བདུན་བསྟུད་མར་ལོ་ངོ་བདུན་རིང་རྒྱལ་སའི་སྒྱུ་རྩལ་མཁས་པ་བོད་ལྗོངས་ལྷ་ས་དང་ཤིན་ཅང་ཧོ་ཐན། ནང་སོག་ཁྲི་ཧྥེང་། ཝུའུ་ལན་ཁྲ་པུའུ་སོགས་པེ་ཅིང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་དང་རོགས་སྐྱོར་བྱ་ཡུལ་ས་ཁུལ་རིག་གནས་ རོགས་སྐྱོར་བྱེད་པའི་བྱེད་སྒོ་རྩ་འཛུགས་གནང་ཡོད་པ་རེད།

ཉིན་ལྔའི་བྱེད་སྒོའི་རིང་།རྒྱལ་སའི་སྒྱུ་རྩལ་པ34དང་དེ་བཞིན་མེ་ཤུགས་འཕུར་མདའི་དམག་དཔུང་གི་ཆབ་སྲིད་ལས་དོན་པུའུ་ཡི་རིག་རྩལ་ཚོགས་པ།ཀྲུང་གོའི་རྡོ་སོལ་གཏེར་ལས་རིག་རྩལ་ཚོགས་པ།པེ་ཅིང་གླུ་གར་ཚོགས་པ། པེ་ཅིང་ཟློས་གར་ཁང་བཅས་ཚོགས་པ་རྩེ་གྲ་ནས་ཐོན་པའི་ཕུལ་བྱུང་འཁྲབ་སྟོན་པས་གྲུབ་པའི་རིག་གནས་སྤེལ་རེས་སྐུ་ཚབ་ཚོགས་པས་ཡུལ་ཤུལ་ས་ཁུལ་དེ་གའི་མང་ཚོགས་དང་པེ་ཅིང་གི་ཡུལ་ཤུལ་རོགས་སྐྱོར་བྱེད་མཁན་བཀོད་འདོམས་པུའུ་ཡི་ལས་བྱེད་པ།ཡུལ་ཤུལ་སློབ་འབྲིང་གི་དགེ་སློབ་སོགས་ལ་འཚམས་འདྲིའི་འཁྲབ་སྟོན་ཐེངས2དང་ཡིག་རིས་འབྲི་ཐེངས3ཡུལ་དངོས་སློབ་ཁྲིད་སོགས་བྱེད་སྒོས་ལྟད་མོ་བ་སྟོང་ཕྲག་ཁ་ཤས་ལ་འཁྲབ་སྟོན་ སློབ་སྦྱོང་གི་ལྟད་མོ་བཤམས་ཡོད་པ་རེད།

W020180710555604380213.jpg

འཚམས་འདྲིའི་འཁྲབ་སྟོན་གྱི་ཡུལ་དངོས།

གླུ་གཞས་གྲགས་ཅན་གྱི《འདམ་རའི་མེ་ཏོག》དང《སིལ་སྡོང་ལ་བསྟོད་པ》《མཁའ་ལམ》 《ཁྱེད་དང་འགྲོགས་ནས་བསྐྱོད》ཅེས་ཐེངས་བརྒྱར་ཉན་ཡང་སུན་པ་མེད་ཅིང་།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“པེ་ཅིང་ནུབ་ཀྱི་ཞི་བདེའི་རྔ”འཁྲབ་སྟོན་དང་།ཐེན་ཅིན་གྱི་སྲོལ་རྒྱུན་རྩལ་རྩེད་སོགས་འཁྲབ་སྟོན་གྱིས་ཀུན་གྱི་བློ་མིག་རྒྱ་ཆེར་ཕྱེས་པ་དང་།བོད་ཀྱི་སྒྱུ་རྩལ་མཁས་ཅན་ཚེ་རིང་གཡང་འཛོམས་དང་པད་མ་གཡང་ཤིས་ཀྱིས་གནས་དེ་གའི་མང་ཚོགས་ཚོར་བྱམས་བརྩེའི་ངང་རྒྱུས་མངའ་ཡོད་པའི་བོད་རིགས་གླུ་གཞས《ང་རང་འཚར་ལོངས་འབྱུང་སའི་གངས་རི》《ཡུལ་ཤུལ་ལ་བསྟོད་གཞས》བཅས་བླངས་པ་དེས་ལྟད་མོ་བ་དང་གར་སྟེགས་ཀྱི་བར་ཐག་ཇེ་ཉེར་བཏང་ཡོད་པ་རེད།

ཡིག་རིས་འབྲི་བཞེངས་ཀྱི་བྱེད་སྒོའི་ཡུལ་དངོས་སུ།ཀྲུང་གོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་གཟུགས་དང་རི་མོ་མཁས་ཅནས་ཚོ་སྣག་ལ་སྤུ་སྨྱུག་གིས་འབྲི་བ་བ་མ་ཟད།ཡུལ་ཤུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བཀོད་པ་དང་དར་རྒྱས་གོང་འཕེལ་ཡོང་བའི་རྣམ་པ་འབྲི་བ་མ་ཟད།ད་དུང་ཡིག་རིས་སློབ་སྐྱོར་དང་ཡུལ་དངོས་སློབ་ཁྲིད་གནང་པ་དང་འབྲེལ་ས་གནས་དེ་གར་མཛེས་རྩལ་རི་མོ་དང་ཡིག་གཟུགས་འབྲི་རྩལ་གྱི་བརྩམས་ཆོས་ལྔ་བཅུ་ལྷག་ཙམ་གནང་པ་རེད།

W020180710555604384871.jpg

ཡིག་རིས་འབྲི་བཞེངས་ཡུལ་དངོས།

རྒྱུས་ལོན་བྱུང་པ་ལྟར་ན།2010ལོ་ནས་བཟུང་།པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་ཁུལ་ལ་ཏད་རོགས་སྐྱོར་ལས་དོན་འགོ་ཚུགས་པ་ནས་བཟུང་།ས་གནས་དེ་གར་ཕྱོགས་ཡོངས་དང་ཁྱབ་ཁོངས་ཆེ་བ།རིམ་པ་མང་བ་བཅས་ཀྱི་རོགས་སྐྱོར་བྱས་ཏེ་ཡུལ་ཤུལ་ས་ཁུལ་གྱི་གེགས་རྗེས་བསྐྱར་སྐྲུན་དང་གཞན་སྒྱུར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྒུལ་ཤུགས་ཧ་ཅང་ཆེན་པོ་བསྣན་པས་གསོན་ཤུགས་ཆེན་པོ་བསྩལ་ཡོད་པ་དང་།མིག་སྔར་རོགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད།མ་དངུལ་དང་མཁྲེགས་ཆས།ལག་རྩལ་སོགས་ཐད་ཀྱི་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་པ་ཕུད།རིག་གནས་དང་སློབ་གསོ།སྨན་བཅོས་སོགས་ཀྱི་ཐད་ནས་ཡུལ་ཤུལ་འཕེལ་རྒྱས་སུ་གཏོང་བའི་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་གཏོང་བའི་ཁྱབ་ཁོངས་ཀྱི་གལ་ཆེན་རང་བཞིན་ཡང་རིམ་བཞིན་ཇེ་གསལ་དུ་ཕྱིན་ཡོད་པ་རེད།

པེ་ཅིང་གྲོང་ཁྱེར་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་པས་གསར་འགོད་པར།ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེས་རྒྱལ་སའི་རིག་རྩལ་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཡུལ་ཤུལ་ས་ཁུལ་ལ ཞབས་ཞུ་དང་།གནད་སྨིན་དབུལ་སྐྱོར་ལས་དོན་གྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་པ།ཁ་གཏད་རོགས་སྐྱོར་ལས་དོན་ཁེབས་ཚད་རྒྱ་ཆེར་གཏོང་ཐུབ་པ་དང་།ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དར་སྤེལ་གཏོང་པ།ཀྲུང་ཧྭ་མི་རིགས་ལ་མོས་སེམས་དང་།པེ་ཅིང་ཡུལ་ཤུལ་གཉིས་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ཐོགསླད་ཕྱིན་པེ་ཅིང་ཡུལ་ཤུལ་གཉིས་ཀྱི་ཡུན་རིང་གི་རིག་གནས་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་རྨང་གཞི་བཏིང་ཡོད་པ་རེད། 

W020180710555604384591.jpg

ཡིག་རིས་འབྲེ་བཞེངས་ཀྱི་བྱེད་སྒོ་སྤེལ་ཡུལ་དངོས།

པེ་ཅིང་དང་ཡུལ་ཤུལ་ས་ཁུལ་གཉིས་ཀྱིས་རིག་རྩལ་ལྷན་ཚོགས་ཀྱིས་ས་ཁུལ་གཉིས་ཀྱིས་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་ཡོད་པ་དང་།བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་རྗེས། མིག་སྔའི་རིག་རྩལ་ལྷན་ཚོགས་ཀྱི་ལས་དོན་དང་དེ་བཞིན་ཡུལ་ཤུལ་གྱི་རིག་གནས་འཕེལ་རྒྱས་གཏོང་བའི་གནད་དོན་ལ་སྤེལ་རས་གཏིང་ཟབ་གནང་ཡོད་པ་མ་ཟད་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་རིག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་།རིག་རྩལ་གསར་རྩོམ།རིག་རྩལ་དང་བླངས་ཞབས་ཞུ་སོགས་ཐད ལ་ཤུགས་སྣོན་རྒྱག་པ་དང་།ཕྱོགས་གཉིས་དབར་མཉམ་ལས་ཀྱི་འདོད་མཐུནགྱི་་ཡུན་རིང་སྒྲོམ་གཞིར་གྲོས་མཐུན་བཞག་པ་རེད།པེ་ཅིང་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའུ་དང་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།འབྱུང་འགྱུར་གཙོ་གནད་གཤམ་སྒྱུར་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ།གཞི་རིམ་ལ་ཞབས་ཞུ་བྱས་ནས་ཡུལ་ཤུལ་ས་ཁུལ་གྱི་རོགས་སྐྱོར་ནུས་ཤུགས་བྱེད་ཤུགས་ཆེ་རུ་གཏོང་པ།དམིགས་ས་ཡོད་པའི་སྒོ་ནས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་དེ་བས་སྣ་མང་ཕུན་སུམ་ཚོགས་པ་དང་། ཡུལ་ཤུལ་གྱི་ཁྱོན་ཡོངས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།